数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ཟུང་ཆུ་རྫོང་གི་ལྗོངས་སྐོར་ཁྲོམ་ར་བཅོས་སྒྲིག་དང་ལྟ་སྐུལ་དོ་དམ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་ལྗོངས་སྐོར་ཁྲོམ་ར་བཅོས་སྒྲིག་ཁྲོད་འཕྲད་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ལ་དམིགས་ཏེ། 1+3རྣམ་པའི་ལྗོངས་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལྟ་སྐུལ་དོ་དམ་སྒྲིག་གཞི་གསར་གཏོད་བྱས་ཏེ། 1+3+Nརྣམ་པའི་ལྗོངས་སྐོར་ཁྲོམ་རའི་སྒྲིག་ལམ་གྱི་ལྟ་སྐུལ་དོ་དམ་མ་ལག་རིམ་བཞིན་ཆགས་ཤིང་། ལྗོངས་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྐྱོང་ཁྲིམས་ལྟར་བརྟན་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་གསར་གཏོད་དཔེ་མཚོན་བཅུའི་ནང་བདེ་བླག་ངང་ཚུད་ཡོད།

སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ལྗོངས་སྐོར་སྒྲིག་ལམ་བཅོས་སྒྲིག་གི་སྟོབས་ཤུགས་ཆེ་རུ་བཏང་། སྤྱི་བདེའི་ཁྲིམས་འཛིན་དང་ལྗོངས་སྐོར་ཁྲིམས་འཛིན། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྲིམས་འཛིན་སོགས་ཀྱི་སྟོབས་ཤུགས་གསར་གཏོད་རང་བཞིན་གྱི་སྒོ་ནས་བསྡུ་སྒྲིལ་བྱས་ཤིང་། གསར་གཏོད་རང་བཞིན་དང་། འཚོལ་ཞིབ་རང་བཞིན། དངོས་ཕན་རང་བཞིན་བཅས་ལྡན་པའི་1+3རྣམ་པའི་ལྗོངས་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལྟ་སྐུལ་དོ་དམ་སྒྲིག་གཞི་ཞིག་ཆགས་ཤིང་། རྫོང་ལྗོངས་སྐོར་ཉེན་རྟོག་རུ་ཆེན་དང་། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལྗོངས་སྐོར་ཁྲིམས་འཛིན་ཡན་ལག་ཅུས། རྫོང་ལྗོངས་སྐོར་སྐོར་སྐྱོད་ཁྲིམས་ར་བཅས་སྡེ་ཁག་3བཙུགས་ལ། དེའི་ཁྲོད་ལྗོངས་སྐོར་ཉེན་རྟོག་རུ་ཆེན་ནི་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཨང་དང་པོ་ཡིན་པ་དང་། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལྗོངས་སྐོར་ཁྲིམས་འཛིན་ཡན་ལག་ཅུས་ནི་ཞིང་ཆེན་ཡོངས་ཀྱི་གསར་གཏོད་ཐོག་མ་དེ་ཡིན། མིག་སྔར། རྫོང་དེས་1+3རྣམ་པའི་ལྟ་སྐུལ་དོ་དམ་སྒྲིག་གཞིར་ལས་བྱེད་མི་སྣ་32བཀོད་སྒྲིག་བྱས་ཡོད་པ་དང་། དེའི་ཁྲོད་ལས་བྱེད་པ་ངོ་མ་17ཡོད་ལ། གཞོགས་འདེགས་དོ་དམ་པ་15ཡོད།

ཁྲིམས་འཛིན་ནན་པོ་བྱས་ནས་ལྗོངས་སྐོར་ཕྱོགས་བསྡུས་ཁྲིམས་འཛིན་གྱི་ཕན་འབྲས་ཆེ་རུ་བཏང་། 1+3རྣམ་པའི་ལྗོངས་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་སྒྲིག་གཞི་བཙུགས་པ་ནས་བཟུང་། རྫོང་ཡོངས་ཀྱིས་ཁྲིམས་འཛིན་མི་སྣ་མི་ཐེངས་7000ལྷག་དང་རླངས་འཁོར་ཐེངས་1500ལྷག་བཏང་ཞིང་། ལྗོངས་སྐོར་ཉོ་སྒྲུབ་བྱ་ཡུལ་1800ལྷག་དང་ལྗོངས་སྐོར་གཉེར་སྐྱོང་ཁྱིམ་ཚང་700ལྷག ལྗོངས་སྐོར་སྣེ་ཤན་པ་2500ལྷག ལྗོངས་སྐོར་ལས་དོན་ཁང་120ལྷག་ལ་གཅིག་སྡུད་ཀྱིས་ཞིབ་བཤེར་བཅོས་སྒྲིག་བྱས་པ་དང་། གཙོ་ཚང་སྒུ་ལྗོངས་སྐོར་ཞབས་ཞུའི་ལྟེ་གནས་སུ་ལྟ་སྐུལ་ཚོད་འཛིན་མ་ལག་18སྒྲིག་སྦྱོར་བྱས་ཏེ་ཚོང་ར་ཁག་གི་རླངས་འཁོར་འཇོག་ས་དང་། དངུལ་བསྡུའི་སྟེགས་བུ། ཚོང་རའི་ཚོམས་ཆེན་བཅས་ལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས་ལ། ལྗོངས་སྐོར་དང་འབྲེལ་བ་ཡོད་པའི་གྱོད་གཞི་180ལྷག་མཐུན་སྦྱོར་ངང་ཐག་གཅོད་བྱས་པ་དང་སྒོར་ཁྲི་106གི་ཆད་པ་བཅད་པ་དང་། ཚོང་ཟོག་ཕྱིར་སློག་དང་བརྗེ་པོ་བརྒྱབ་པའི་དོན་རྐྱེན་2400ལྷག་བདག་སྤྲོད་བྱས་ལ། ཁ་པར་ཐོག་ནས་བློ་འདྲི་1800ལྷག་དང་ལེན་བྱས་པ་དང་། སྒོར་ཁྲི་420ལྷག་དངུལ་སློག་བྱས་སོ།།

(གསང་བདག་སྒྲོལ་མས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 4 4 阿坝日报藏文 c99092.html 1 ཟུང་ཆུ་རྫོང་གི་ལྗོངས་སྐོར་ཁྲོམ་ར་བཅོས་སྒྲིག་དང་ལྟ་སྐུལ་དོ་དམ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ། /enpproperty-->