数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

བཙན་ལྷ་རྫོང་གིས་ལྗོངས་སྐོར་ལམ་རྒྱུད་ཀྱི་ཚོང་བཤམས་ ཚད་ལྡན་ཅན་དུ་གཉེར་སྐྱོང་ལ་ཤུགས་བསྣན།

ངེད་གསར་འགྱུར་གྱི་གསར་བཀོད། ལྗོངས་སྐོར་ལམ་རྒྱུད་ཀྱི་ཚོང་བཤམས་ཚད་ལྡན་ཅན་དུ་གཉེར་སྐྱོང་ལ་ཤུགས་སྣོན་པ་དང་། ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ནུས་ལྡན་ངང་མཐོ་རུ་གཏོང་བ། མང་ཚོགས་ཀྱིས་རང་གིས་རང་ལ་དོ་དམ་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་གཏོང་བ་བཅས་ཀྱི་ས་ཁོངས་ཧྲིལ་བོའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་ཆགས་བྱ་ཆེད། ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་གིས་ལྗོངས་སྐོར་མཛེས་ལྗོངས་ཁུལ་གྱི་ཚོང་བཤམས་ཀྱི་སྐར་བསགས་དོ་དམ་ལམ་ལུགས་ལག་བསྟར་བྱས་ནས་གཉེར་སྐྱོང་ཁྱིམ་ཚང་གི་ཞིབ་མཆན་ཞིབ་བཤེར་ཆོག་མཆན་དང་། གཉེར་སྐྱོང་དུས་ཚོད། གནས་གཏན་གནས་འཁེལ། སྒྲིག་བཀོད་སྒྲིག་ཆས། རང་ངོས་གཙང་སྲུང། ཡ་རབས་གུས་ལུགས། ཡིད་རྟོན་གཉེར་སྐྱོང་སོགས་ལ་གཅིག་གྱུར་གྱིས་བླང་བྱ་བཏོན་ཡོད།

རྒྱུས་ལོན་པ་ལྟར་ན། 2017ལོའི་ཟླ་3པར། རྫོང་དེའི་སྐུ་བླ་རི་བོའི་གྲོང་རྡལ་གྱིས་སྐར་གསོག་ཇུས་གཞི་དངོས་སུ་ལག་བསྟར་བྱས་ཤིང་། ཚོང་བཤམས་ཚང་མས་ཁྱིམ་ཚང་རེའི་གཏའ་དངུལ་དེ་སྒྲིག་ལམ་གྱི་འགན་ལེན་དངུལ་དུ་བརྩིས་ནས་གཏའ་དངུལ་དེ་སྐར་20ལ་བསྒྱུར་རྒྱུ་དང་། སྐར་མ་གཅིག་ཞིབ་ཕྲའི་དངུལ་གྲངས་མཚོན་ཡོད། རྫོང་དེའི་ཁྲོམ་རའི་ལྟ་འདོམས་ཅུས་དང་སྐུ་བླ་རི་བོའི་གྲོང་རྡལ་དང་མཉམ་འབྲེལ་བྱས་པ་དང་། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་སྐར་མ་འཐེན་པའི་ལམ་ལུགས་ལག་བསྟར་བྱས། གལ་ཏེ་བོགས་མར་གཏོང་མཁན་གྱིས་བོགས་ལེན་དུས་ཡུན་ནང་རིམ་རྩིས་བྱས་ན་སྐར་མ་20འཐེན་ཚེ་གཏའ་དངུལ་ཚང་མ་ལེན་པར་མ་ཟད། གཉེར་སྐྱོང་གི་ཐོབ་ཐང་མེད་པ་བཟོས་པ་དང་། ལོ་གསུམ་ཚོང་བཤམས་བྱེད་མི་ཆོག་པར་བྱས། མིག་སྔའི་བར་དུ་རྫོང་དེས་མི་11ལ་སྐར་མ་འཐེན་ཡོད། རྫོང་དེའི་སྐར་གསོག་ལམ་ལུགས་ལག་བསྟར་བྱས་རྗེས་ས་ཁོངས་ཧྲིལ་བོའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད་དོ།། (གསང་བདག་སྒྲོལ་མས་བསྒྱུར། )

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 4 4 阿坝日报藏文 c99095.html 1 བཙན་ལྷ་རྫོང་གིས་ལྗོངས་སྐོར་ལམ་རྒྱུད་ཀྱི་ཚོང་བཤམས་ ཚད་ལྡན་ཅན་དུ་གཉེར་སྐྱོང་ལ་ཤུགས་བསྣན། /enpproperty-->