数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

མཛོད་དགེ་རྫོང་གིས་དབུལ་སྐྱོར་གནད་ འཁེལ་གྱི་ལས་དོན་ལེགས་པོར་སྤེལ།

ངེད་གསར་འགྱུར་གྱི་གསར་བཀོད། ན་ནིང་། མཛོད་དགེ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དབུལ་སྐྱོར་གནད་འཁེལ་དང་འབྲེལ་བའི་ལས་དོན་བཀོད་སྒྲིག་ལ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ནང་ཁུལ་གྱི་དམིགས་བཙུགས་དབུལ་སྐྱོར་དང་རིགས་མཐུན་རོགས་སྐྱོར་ལ་མཉམ་སྦྲེལ་ཧུར་ཐག་བྱས་ཏེ། ཕྱོགས་ཡོངས་ནས་དབུལ་སྐྱོར་གནད་འཁེལ་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ཧུར་ཐག་གིས་སྤེལ།

རྒྱུས་ལོན་པ་ལྟར་ན། སི་ཁྲོན་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཚོགས་པའི་ཚད་ཡོད་ཀུང་སི་དང་ཞིང་ཆེན་ཉིང་རྡུལ་བཟོ་ལས་ས་གཤིས་ཅུས། ཀྲུང་གོ་རྡོ་སྣུམ་སི་ཁྲོན་ཡན་ལག་ཀུང་སི། ལྷོ་ནུབ་མི་རིགས་སློབ་ཆེན། སི་ཁྲོན་ལས་གྲྭའི་ལས་རིགས་ལག་རྩལ་སློབ་གླིང་། སི་ཁྲོན་རླངས་འཁོར་ལས་རིགས་སློབ་གླིང་། ཏེ་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ཞིང་ཆེན་ནང་ཁུལ་གྱི་དམིགས་བཙུགས་དབུལ་སྐྱོར་དང་རོགས་སྐྱོར་གྱི་སྡེ་ཁག་7གྱིས་མཛོད་དགེ་རྫོང་ལ་ཁྱོན་རོགས་སྐྱོར་གྲོན་དངུལ་སྒོར་ཁྲི་183.72བཏང་སྟེ་རྣམ་གྲངས་35ལག་བསྟར་བྱས། མིག་སྔའི་བར་དུ་རྣམ་གྲངས་30ལེགས་པར་གྲུབ་པ་དང་གྲོན་དངུལ་སྒོར་ཁྲི་123.72བཏང་ཟིན།

ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་གྱིས་ཕན་ནུས་ཆེན་པོ་ཐོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ལས་རྒྱུས་ལོན་པ་ལྟར་ན། ཏེ་དབྱང་གྲོང་ཁྱེར་གྱིས་རིགས་མཐུན་རོགས་སྐྱོར་ལ་གྲོན་དངུལ་སྒོར་ཁྲི་3980.125གཏོང་འཆར་ཡོད་ལ། དེའི་ནང་ནས་ནོར་སྲིད་རོགས་སྐྱོར་གྲོན་དངུལ་སྒོར་ཁྲི་3757.125དང་སྤྱི་ཚོགས་རོགས་སྐྱོར་གྲོན་དངུལ་སྒོར་ཁྲི་220 ། གཞན་དག་སྒོར་ཁྲི་3བཅས་ཡོད། རྣམ་གྲངས་31ལག་བསྟར་བྱ་རྩིས་ཡོད་ལ། མིག་སྔའི་བར་རྣམ་གྲངས་31ལས་མགོ་ཚུགས་པ་དང་རྣམ་གྲངས་17ལེགས་གྲུབ་བྱུང་ཟིན། རྣམ་གྲངས་དེ་དག་ནི་དབུལ་སྡེ་17ལ་ཁྱབ་པ་དང་དབུལ་བོ་1888ལ་ཕན་ཆེན་པོ་ཐོགས་ཡོད།

ཆུ་མཛོད་ཀྱི་གནས་སྤོར་ཡུལ་མིའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ། རྫོང་ཡོངས་ཀྱི་ཆུ་མཛོད་ཀྱི་གནས་སྤོར་ཡུལ་མི་23ལ་ཆུ་མཛོད་ཀྱི་གནས་སྤོབ་ཡུལ་མིའི་གསབ་དངུལ་རྣམ་གྲངས་མི་རེར་ཟླ་རེར་སྒོར་50ཡི་རོགས་དངུལ་ཡོད་དེ། ནོར་སྲིད་ཀྱིས་དུས་ཚིགས་རེར་ཐད་ཀར་གནས་སྤོར་ཡུལ་མི་ལ་སྤྲད། མིག་སྔའི་བར་དུ་2019ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི་1.035གནས་སྤོར་ཡུལ་མི་ལ་སྤྲད་ཟིན་ནོ།།

(གསར་འགོད་པ་ཚེ་རིང་ལྷ་མོ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 4 4 阿坝日报藏文 c99094.html 1 མཛོད་དགེ་རྫོང་གིས་དབུལ་སྐྱོར་གནད་ འཁེལ་གྱི་ལས་དོན་ལེགས་པོར་སྤེལ། /enpproperty-->