数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་མངའ་ཁོངས་ལེགས་སྒྲིག་སྒྱུར་བཅོས་ཀྱི་ཐོག་མའི་ཕྱོགས་སྡོམ་དང་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་སྒྱུར་བཅོས་ཀྱི་ལས་ཀར་སྐུལ་བའི་ཚོགས་འདུ་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་3ཚེས27ཉིན། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་མངའ་ཁོངས་ལེགས་སྒྲིག་སྒྱུར་བཅོས་ཀྱི་ཐོག་མའི་ཕྱོགས་སྡོམ་དང་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་སྒྱུར་བཅོས་ཀྱི་ལས་ཀར་སྐུལ་བའི་ཚོགས་འདུ་འབར་ཁམས་སུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁོང་གིས་གསུང་དོན། ཁུལ་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་བ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་དང་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་རེ་འདུན་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་ཕྱོགས་སྡོམ་ཚོགས་འདུའི་སྐུལ་འདེད་ཚོགས་འདུ་དང་དེ་མིན་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱ་བ། དམིགས་ཚད་ལ་ལྟ་བ་དང་རང་མོས་ཀྱིས་རང་གི་འགན་འཁྲི་བསྒྲུབས་ནས། ཡུལ་ཚོ་དང་གྲོང་རྡལ་སྲིད་འཛིན་མངའ་ཁོངས་ལེགས་སྒྲིག་སྒྱུར་བཅོས་དོན་འཁྱོལ་དམ་པོར་འཛིན་པ། གོམ་པ་བརྟན་པོ་དང་གོ་རིམ་ལྡན་པའི་སྒོས་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་བྱས་པ་བརྒྱུད། ཁུལ་དར་སྤེལ་གཏོང་བའི་འཐབ་ཇུས་དམིགས་འབེན་འགྲུབ་པའི་རྨང་གཞི་བརྟན་པོ་གདིང་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106711.html 1 ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་མངའ་ཁོངས་ལེགས་སྒྲིག་སྒྱུར་བཅོས་ཀྱི་ཐོག་མའི་ཕྱོགས་སྡོམ་དང་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་སྒྱུར་བཅོས་ཀྱི་ལས་ཀར་སྐུལ་བའི་ཚོགས་འདུ་འཚོགས། /enpproperty-->