数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཨུས་རྒྱུན་ཨུ་ཁང་གི(རྒྱས་འཛོམས)ཚོགས་འདུ་དང་ཁུལ་ཨུའི་ཏོག་གསར་གློ་ཚད་རིམས ནད་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དགུ་བ་འཚོགས་པ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་3ཚེས་27ཉིན་གྱི་སྔ་དྲོར། ཁུལ་ཨུས་རྒྱུན་ཨུ་ཁང་གི(རྒྱས་འཛོམས)ཚོགས་འདུ་དང་ཁུལ་ཨུའི་ཏོག་གསར་གློ་ཚད་རིམས་ནད་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དགུ་བ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཁང་གི་ཚོགས་འདུ་དང་། ཞིང་ཨུའི་རྒྱུན་ཨུ་ཁང་གི་ཚོགས་འདུ་དང་ཏོག་གསར་གློ་ཚད་རིམས་ནད་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་རྟོག་ཞིབ་ཏུ་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། འབྲེལ་ཡོད་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ། རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། རིམས་འགོག་ཚོད་འཛིན་དང་། བརྟན་ལྷིང་སྲུང་སྐྱོང་། སྒྲིག་ལམ་སླར་གསོའི་དམག་འཐབ་དྲག་པོ་གསུམ་ལས་མཐའ་གཅིག་ཏུ་རྒྱལ་བར་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་འབད་བརྩོན་ཆེན་པོས་རྔ་ཁུལ་དུ་དོན་འཁྱོལ་ཡོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་ཤིང་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ལས་དོན་བཀོད་སྒྲིག་གནང་།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་དང་ཝུའུ་ལི་ཡན་ཚོགས་འདུར་ཞུགས།

ཚོགས་འདུ་ལས་ཟླ་3ཚེས་18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཁང་གི་ཚོགས་འདུའི་ཐོག་ཡང་བསྐྱར་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་གཅིག་འདོམས་དམ་འཛིན་ལེགས་པོ་བྱ་རྒྱུའི་ཞིབ་འཇུག་བཀོད་སྒྲིག་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཟླ་3ཚེས་24ཉིན་ཞིང་ཨུའི་རྒྱུན་ཨུ་ཁང་གི་ཚོགས་འདུ་དང་ཞིང་ཨུའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པའི་དགོངས་དོན་དང་། ཟླ་3ཚེས་18ཉིན་ནས་ཚེས་20ཉིན་བར་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་རང་ཁུལ་དུ་རྟོག་ཞིབ་གནང་རིང་གི་ལས་ཀའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་ཞུར་ཉན་ཞིང་། ཁུལ་རིམ་པའི་ཚོགས་ཞུགས་འགོ་ཁྲིད་ཀྱིས་གཏམ་བཤད་ཀྱང་གནང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་གནས་ཚུལ་གྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་དམིགས་ཏེ། ཞིང་ཨུས་ཕྱི་ཕྱོགས་ཀྱི་ནང་འདྲེན་དང་ནང་ངོས་ཀྱི་བསྐྱར་ལོག་སྔོན་འགོག་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་གནད་སྨིན་ངང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལེགས་པོ་བསྒྲུབ་དགོས་པའི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ་དུས་བབ་བཟང་བོར་འགྱུར་ལྡོག་གཏན་ནས་ཡོད་མི་རུང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཡོངས་སུ་འགྲུབ་པར་འགན་ལེན་བྱེད་དགོས་པ་སྟེ། དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལེགས་པོར་བསྒྲུབ་དགོས། ཧུར་ཐག་གིས་ལས་མགོ་བསྐྱར་ཚུགས་བྱེད་དགོས། ལས་གཞི་བསྐྱར་དུ་ལས་མགོ་རྩོམ་པར་ཏན་ཏིག་བྱ་དགོས། ལྗོངས་ཁུལ་གྱི་སྒོ་མོ་འབྱེད་པའི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། བསྐྱར་དུ་ལས་མགོ་ཚུགས་པ་དང་བསྐྱར་དུ་སློབ་མགོ་ཚུགས་པ། ལས་ཞུགས་འགན་ལེན་བཅས་ཀྱི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་རྒྱུན་གཏན་གྱི་སྒྲོག་སྲོལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ། གོ་རིམ་ལྡན་པའི་ངང་ཚོང་དོན་འཁོར་རྒྱུག་ལེགས་པོ་བྱེད་དགོས། སློབ་མགོ་ཚུགས་པ་དང་སློབ་ཁྲིད་མགོ་ཚུགས་པའི་ལས་ཀ་ཞིབ་ཚགས་བསྒྲུབ་དགོས། མང་ཚོགས་ཀྱི་ལས་ཞུགས་ལས་དོན་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། རིམ་ཁག་སྡེ་ཚན་ཁག་གིས་རིམས་ནད་ཐོན་རྗེས་བསྐྱར་དུ་ཐོན་སྐྱེད་བྱེད་རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་དང་ཉེན་ཁ་ཚབས་ཆེན་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་གྲལ་བཤེར་གཏིང་ཟབ་བྱས་ཏེ་ལས་འཛོལ་ཚབས་ཆེན་ཐོན་སྲིད་པའི་རང་བཞིན་རྩ་བ་ནས་མེད་པར་བཟོ་དགོས་པ་སྟེ། མངོན་མེད་རྐྱེན་ངན་ལ་རིམབཤེར་དང་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཁོ་བསྟུན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་དགོན་པའི་དོ་དམ་ལེགས་པོ་བྱེད་དགོས། བརྟན་ལྷིང་གི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།

ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང། ཁུལ་ཨུའི་རིམས་ནད་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཁུལ་ཨུའི་རིམས་ནད་མཁོ་བསྟུན་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།

(བསོད་ནམས་སྐྱིད་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106712.html 1 ཁུལ་ཨུས་རྒྱུན་ཨུ་ཁང་གི(རྒྱས་འཛོམས)ཚོགས་འདུ་དང་ཁུལ་ཨུའི་ཏོག་གསར་གློ་ཚད་རིམས ནད་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དགུ་བ་འཚོགས་པ། /enpproperty-->