数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གིས་ལིས་རྫོང་དང་ཝུན་ཁྲོན་རྫོང་དུ་བརྟག་ཞིབ་མཛད།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་3ཚེས་25ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ལིས་རྫོང་དང་ཝུན་ཁྲོན་རྫོང་གཉིས་ཀྱི་ཞིང་ཁ་དང་ཐོན་ལས་གླིང་ཁུལ། ཁེ་ལས་ཀྱི་འཁོར་ཁང་། རྣམ་གྲངས་སྐྲུན་ས་བཅས་སུ་ཕེབས་ནས། ཡུལ་དངོས་ནས་རིམས་ནད་སྔོན་འགོག་དང་དཔྱིད་རྨོད་དཔྱིད་འདེབས། བཟོ་ལས་སླར་གསོ། དབུལ་བྲལ་གནད་སྒྲོལ། གནོད་རྗེས་བསྐྱར་སྐྲུན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་མཛད། ཁོང་གིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་དུ་དམ་པོར་འཛིན་དགོས་པར་ཞིབ་འཇུག་བཀོད་སྒྲིག་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དུ་བསྟར་བ་དང་། ཞིང་ཨུའི་རྒྱུན་ཨུ་ཁང་གི་ཚོགས་འདུ་དང་ཞིང་ཨུའི་ཏོག་གསར་གློ་ཚད་མཁོ་བསྟུན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་རང་ཁུལ་དུ་རྟོག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་དང་བླང་བྱ་སོགས་དོན་འཁྱོལ་ལེགས་པོ་བྱ་བ། མིག་སྔའི་རིམས་ནད་སྔོན་འགོག་དང་དཔལ་འབྱོར་གནས་བབ་ཀྱི་དུས་རིམ་རང་བཞིན་གྱི་འཕོ་འགྱུར་ཁོང་དུ་ལེགས་པོར་ཆུད་པ། ཡིད་ཆེས་བརྟན་པོར་གཏོང་བ། དམིགས་འབེན་གཙིགས་ཆེན་དུ་འཛིན་པ། གཅིག་གྱུར་དུ་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ལེགས་པོར་འཛིན་པ། གོ་རིམ་ལྡན་པའི་སྒོས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱ་བ། ནུས་ཤུགས་ཡོད་དགུས་སྐྲུན་ཚད་དམ་འཛིན་དང་དུས་ཚོད་དམ་འཛིན། གྱོང་གུད་ལ་ཁ་གསབ་བྱེད་པའི་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་སྣ་ཚོགས་ལེགས་སུ་འགྲུབ་པར་འབད་བརྩོན་བྱ་དགོས།

ལིའུ་ཕིང་གིས་ལིས་རྫོང་གི་འབོ་ཏོག་ཤུ་དོ་ཡུལ་ཚོའི་ཤཱཀྱ་གྲོང་སྡེར་དཔྱིད་རྨོད་ཐོན་སྐྱེད་ཀྱི་གནས་ཚུལ་རྒྱུས་ལོན་མཛད་པ་དང་། ལིས་རྫོང་འབོ་ཏོག་ཤུ་དོའི་བཟོ་ལས་གླིང་ཁུལ་དུ་ཁེ་ལས་ཀྱི་ཐོན་ནུས་དང་ཐོན་སྐྱེད་མ་གནས། ལག་རྩལ་བཟོ་རྩལ། བཟོ་བ་ལས་གནས་སུ་ཕྱིར་ལོག་ཚུལ། དེ་མིན་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་སོགས་རྒྱུས་ལོན་མཛད་པ། ཝུན་ཁྲོན་རྫོང་གི་སན་ཅང་གྲོང་རྡལ་དུ་ས་གཤིས་གནོད་སྐྱོན་ཐེབས་རྗེས་སླར་གསོ་བསྐྱར་སྐྲུན་བྱས་ཚུལ་རྒྱུས་ལོན་མཛད་པ། ཞོན་ཁོའུ་གྲོང་རྡལ་དུ་ལས་གཉེར་སླར་གསོ་བྱས་ཚུལ་རྒྱུས་ལོན་མཛད།།

(ཚེ་རིང་འབུམ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106713.html 1 ལིའུ་ཕིང་གིས་ལིས་རྫོང་དང་ཝུན་ཁྲོན་རྫོང་དུ་བརྟག་ཞིབ་མཛད། /enpproperty-->