数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིས་ཁུལ་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུ་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་3ཚེས་24ཉིན། ཁུལ་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུ་བརྙན་ལམ་ནས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ་ཚོགས་འདུར་ཞུགས་ནས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཀར་གནང་བའི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་ནས་སྐད་ཆ་བཤད།

ཚོགས་འདུར་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་སོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་བརྒྱུད་སྒྲོག་བྱས་པ་དང་། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ། 2019ལོའི་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཀར་ཕྱོགས་སྡོམ་བྱས་པ། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ནས། 2020ལོའི་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བླང་བྱ་བཏོན་པར། 2020ལོར་ཁུལ་ཡོངས་ཀྱི་སྲིད་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་ཧྲིལ་བོ་བརྟན་བརླིང་ཡོང་བར་འགན་ལེན་བྱ་དགོས་པ་དང་གཅིག ལོ་གསུམ་རིང་གི་དམིགས་འབེན་གཙིགས་ཆེན་དུ་བཟུང་ནས་ནག་ཚོགས་འཇོམས་པའི་ཆེད་ལས་འཐབ་རྩོད་ལས་རྒྱལ་ཁ་ལེན་དགོས་པ་དང་གཉིས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ནས་ཁུལ་མངའ་ཁོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཟབ་སྤེལ་བྱ་དགོས་པ་དང་གསུམ། ལྟེ་གནས་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ནས་ནུས་ཤུགས་ཡོད་དགུས་སྤུས་ལེགས་སྒོས་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས་པ་དང་བཞི། གསར་སྐྲུན་གྱིས་སྐུལ་སྒུལ་གཏོང་བར་ཤུགས་བསྣན་ནས་སྲིད་ཁྲིམས་མངའ་ཁོངས་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པ་དང་ལྔ། ཅན་བཞིའི་ཁ་ཕྱོགས་རྒྱུན་བསྐྱངས་ནས་ཕྱོགས་ཡོངས་ནས་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་གྱི་རྣམ་པ་གསར་བ་གཏོད་དགོས་པ་དང་དྲུག་བཅས་ཀྱི་ལས་དོན་དྲུག་ལེགས་པར་བསྒྲུབ་དགོས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106715.html 1 རང་ཁུལ་གྱིས་ཁུལ་ཨུའི་སྲིད་ཁྲིམས་ལས་ཀའི་ཚོགས་འདུ་འཚོགས། /enpproperty-->