数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད། རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་ལེགས་པོ་བྱ་ཆེད། ཟླ་3ཚེས་24ཉིན། རང་ཁུལ་གྱིས་འབར་ཁམས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། མིག་སྔར་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་ལས་ཀར་ཐུག་པའི་གནས་བབ་ལ་དབྱེ་ཞིབ་བྱས་རྗེས། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འགོག་པའི་ལས་ཀར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས། ཁུལ་དཔོན་དབྱང་ཁེ་ཉིང་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་།

ཚོགས་འདུར་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་འགོག་པའི་ལས་ཀའི་སྐོར་གྱི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་པའི་ལས་ཀའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། མའོ་རྫོང་དང་རྔ་བ་རྫོང་། ཁུལ་སྤྱི་བདེ་ཅུས། ཁུལ་མཁོ་བསྟུན་དོ་དམ་ཅུས། ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས། ཁུལ་གནམ་གཤིས་ཅུས་བཅས་ཀྱིས་བསམ་ཚུལ་བརྗེ་རེས་བྱ་བའི་སྐད་ཆ་བཤད།།

(ཚེ་རིང་འབུམ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106716.html 1 ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས། /enpproperty-->