数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

གྲོང་སྡེ་རེ་ལ་ཐོན་ལས་རེ་སྤེལ་ནས།། གྲོང་དམངས་རེ་རེ་འབྱོར་ཕྱུག་ལམ་ལ་ཆས།།

ཟླ་ལྔ་བའི་ཀུམ་ཉོའུ་གྲོང་སྡེར་ལྗོན་ཤིང་གི་སྐྱེ་སྟོབས་རབ་ཏུ་རྒྱས་ཡོད། ཆུ་ཆེན་རྫོང་ཀུམ་ཉོའུ་གྲོང་སྡེའི་གྲོང་མི་ཧོ་ཝན་ཐའོ་ཡིས་ཀུང་སིར་འཁོར་རྒྱུག་བྱས་པའི་ཤིང་ཏོག་ལྡུམ་རའི་ནང་དུ་ཤིང་སྡོང་གི་ཡལ་ག་སྐམ་པོ་འབྲེག་བཞིན་ཡོད། ཧོ་ཝན་ཐའོ་ཡིས་ཤིང་ཏོག་ལྡུམ་རའི་ནང་གི་ལི་སྡོང་དང་འབྲི་ཏ་ས་འཛིན་ལ་དོ་དམ་ཡག་པོ་བྱས་ན་ད་གཟོད་འབྲས་བུ་བཟང་བོ་འབྱུང་ཞེས་བཤད།

ལོ་ན་52ལོན་པའི་ཧོ་ཝན་ཐའོ་ནི་ཀུམ་ཉོའུ་གྲོང་སྡེའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཞིག་ཡིན། 2015ལོར་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་ཀྱིས་རོགས་སྐྱོར་འོག་ལི་སོབ་རྟེན་གཞིར་ཞོར་ལས་གཉེར་བ་དང་ཞིང་ཁྱིམ་སྤྲོ་གསེང་ཁང་བསྐྲུན་ནས་ལོ་ཧྲིལ་བོའི་ཡོང་འབབ་སྒོར་ཁྲི་5ལྷག་ཟིན་ཡོད། ཧོ་ཝན་ཐའོ་ཡིས་ན་ནིང་གི་ཟླ་7པ་ནས་ད་ལྟའི་བར་ཞིང་ཁྱིམ་སྤྲོ་གསེང་ཁང་གི་ཡོང་འབབ་ལ་སྒོར་ཁྲི་2ལྷག་ཡོད་པ་དང་། ཞིང་ས་འཁོར་རྒྱུག་གི་གྲོན་དངུལ་དང་། ཞོར་ལས་གཉེར་གླ་ཡོད་པས་ངེད་ཚང་གི་འཚོ་བ་ཉིན་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།

ཀུམ་ཉོའུ་གྲོང་སྡེ་ནི་ཆུ་ཆེན་རྫོང་གི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ་8མ་གཏོགས་མེད། འོན་ཀྱང་ཀུམ་ཉོའུ་གྲོང་སྡེ་ནི་རི་རྐེད་དུ་ཆགས་ཡོད་པས་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཐོན་ལས་འཕེལ་རྒྱས་རྗེས་སུ་ལུས་ཤིང་། དཔལ་འབྱོར་གྱི་རྨང་གཞི་ཅུང་ཞན། སྡེ་མི་ཚོས་སྲོལ་རྒྱུན་གྱི་འདེབས་འཛུགས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས། གྲོང་སྡེ་དེ་ནི་ཆུ་ཆེན་རྫོང་གི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་གྲོང་སྡེ་དབུལ་བོ་ཞིག་ཡིན།

2015ལོར་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་བསྟུན། ཀུམ་ཉོའུ་གྲོང་སྡེས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བཏང་ཞིང་། ཆུ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག ཀུང་སི་དང་ཆེད་ལས་མཉམ་ལས་ཁང་ནང་འདྲེན་བྱས་པ་དང་། ཞིང་ས་འཁོར་རྒྱུག་དང་མ་རྐང་བཞག་ནས་ཁེ་སྤོགས་བགོ་བའི་བྱེད་ཐབས་སྤྱད་དེ་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་བ་དང་། མཉམ་ལས་ཁང་གཅིག་ལ་ཐོན་ལས་གཅིག་ཡོད་པར་བྱས། ཐོན་ཁུངས་དང་མ་དངུལ། རྒྱུ་ནོར་བཅས་བེད་སྤྱོད་ནུས་ལྡན་བྱས་པ་བརྒྱུད་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་15.23ལ་བསླེབས། དབུལ་ཁྱིམ་ལ་ཉིན་རེར་ལས་ཀ་གཉེར་རྒྱུ་ཡོད་པ་དང་། ཟླ་རེར་ཟླ་ཕོགས་སྤྲོད་རྒྱུ་ཡོད་པ། ལོ་མཇུག་ཏུ་ཁེ་སྤོགས་བགོ་རྒྱུ་ཡོད་པ་བཅས་ཀྱི་རྣམ་པ་གསར་བ་འགྲུབ་པར་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་དང་ཐོན་ལས་དབུལ་སྐྱོར་མཉམ་ལས་གཉིས་ལ་ཕན་འབྲས་ཐོབ། ཀུམ་ཉོའུ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཧོ་ཝན་ཆིའུ་ཡིས་ ཀུམ་ཉོའུ་གྲོང་སྡེའི་གནམ་གཤིས་དང་ས་རྒྱུ། ས་བབ་མཐོ་དམན་བཅས་ལ་གཞིགས་ནས་ཐོན་ལས་གཉེར་བཞིན་ཡོད། གྲོང་སྡེ་ཡོངས་ཀྱིས་ཞིང་ས་མུའུ་600དང་ནགས་ས་མུའུ་1000ལྷག་འཁོར་རྒྱུག་བྱས་པ་དང་། ན་ནིང་གྲོང་སྡེ་ཡོངས་ཀྱི་སྡེ་མི་130ལྷག་གིས་རྟེན་གཞི་རུ་ཞོར་ལས་གཉེར་ནས་ཡོང་འབབ་སྒོར་ཁྲི་70ལྷག་ཡོད་པས། གྲོང་སྡེའི་མང་ཚོགས་ཡོངས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་ཅེས་བཤད། པ་ཅའོ་མཉམ་ལས་ཁང་དང་བར་ཐག་སྤྱི་ལེ་གཉིས་ཡོད་པའི་ཧོ་ཀའུ་མོན་མཉམ་ལས་ཁང་གི་འབྲི་ཏ་ས་འཛིན་གྱི་རྟེན་གཞིའི་ནང་དུའང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། ལོ་ལེགས་བྱུང་ཡོད་པས་དགའ་འོས་པའི་རྣམ་པ་ཞིག་མངོན་ཡོད། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དང་མང་ཚོགས་དབུལ་བོའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། 2017ལོར། ཀུམ་ཉོའུ་གྲོང་སྡེས་ཅིན་ཐུའུ་ཧྥང་ཞིང་ལས་མ་འཇོག་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་ལྷད་མེད་དང་སྦགས་བཙོག་མིན་པ། སྤྱི་གནོད་མེད་པའི་འབྲི་ཏ་ས་འཛིན་བཏབ་པ་དང་། ཉམས་ལེན་རྣམ་པའི་ལྟ་སྐོར་དང་འཚོལ་བསྡུ། རོལ་མྱོང་བཅས་ཀྱི་ཞིང་ལས་འཕེལ་རྒྱས་སུ་བཏང་སྟེ། ལྗོངས་སྐོར་བར་གྲོང་གསེབ་ཀྱི་འཚོ་བ་མྱོང་ཐུབ་པ་བྱས་ནས་ས་གནས་ཀྱི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་བཏོད་ཡོད། དབུལ་བོ་ཏིང་ལུང་དབྱི་ཡིས་དྲོད་ཁང་ནང་གི་འབྲི་ཏ་ས་འཛིན་སྡུད་བཞིན་ཡོད། ཏིང་ལུང་དབྱི་ཡིས་སྔོན་ཆད་ངས་ཡུལ་གཞན་དུ་ཞོར་ལས་གཉེར་ཡང་ཡོང་འབབ་མང་པོ་མེད། ཅིན་ཐུའུ་ཧྥང་འབྲི་ཏ་ས་འཛིན་ཀུང་སི་གྲོང་སྡེར་བཙུགས་རྗེས། ངེད་ཚང་གི་བཟའ་ཟླ་གཉིས་ཀྱིས་རྟེན་གཞིར་ཞོར་ལས་གཉེར་བཞིན་ཡོད་པ་དང་། ལོ་གཅིག་གི་རིང་ལ་ཡོང་འབབ་སྒོར་ཁྲི་བཞི་ཡས་མས་ཡོད་ལ། ལོ་རེའི་དགུན་ཁར་ཞོར་ལས་མ་གཉེར་རུང་གླ་ཕོགས་ཡོད་པས། ངེད་ཚང་གི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཤད།

སྡེ་མི་དང་དབུལ་ཁྱིམ་མང་པོ་ཧོ་ཝན་ཐའོ་དང་ཏིང་ལུང་དབྱི་དང་འདྲ་བར། རང་གི་ཕ་ས་ཕ་ཡུལ་དུ་ཞོར་ལས་གཉེར་ཐུབ་པར་མ་ཟད། ཡོང་འབབ་ཀྱང་མང་པོ་ཡོད། མིག་སྔར་ཀུམ་ཉོའུ་གྲོང་སྡེའི་དབུལ་ཁྱིམ་84དབུལ་ཕོངས་ལས་ཐར་ཡོད།

ཉེ་བའི་ལོ་ཤས་རིང་། ཀུམ་ཉོའུ་གྲོང་སྡེས་མ་དངུལ་སྒོར་ཁྲི་1841.89བརྩོན་ལེན་བྱས་ནས་རྣམ་གྲངས་24ལག་བསྟར་བྱས་ཤིང་། གྲོང་སྡེའི་བྱེད་སྒོ་ཁང་དང་མཉམ་ལས་ཁང་གི་བྱེད་སྒོ་ཁང་། གྲོང་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ། ཁྱིམ་ཚང་དུ་སྐྱོད་སའི་ལམ། ཐོན་ལས་ཀྱི་སྟབས་བདེའི་ལམ་བུ་སྲ་འགྱུར། རིག་གནས་ཐང་ཆེན་དང་མཚམས་ཚིགས་གསར་སྐྲུན། འབྲི་ཏ་ས་འཛིན་གྱི་རྟེན་གཞི་འཛུགས་སྐྲུན། གྲོང་སྡེའི་འཕྲོད་བསྟེན་ཁང་རིམ་སྤོར་སྒྱུར་བཀོད་སོགས་བྱས་པ་དང་། 2019ལོར་ཀུམ་ཉོའུ་གྲོང་སྡེ་ནི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་དབུལ་སྐྱོར་དཔེ་སྟོན་གྲོང་སྡེ་དང་། ཆུ་ཆེན་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་ཞིང་སྡེའི་ཕྱོགས་བསྡུས་དཔེ་སྟོན་གྲོང་སྡེ་ལ་བདམས།

ཀུམ་ཉོའུ་གྲོང་སྡེས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱིའི་བླང་བྱར་དམིགས་ཤིང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་དང་། ཐོན་ལས་ཁྱབ་ཚད་མང་དུ་བཏང་ནས་མང་ཚོགས་སྡོད་ཁང་ཡག་པོར་སྡོད་པ་དང་འཚོ་བ་སྐྱིད་པོ་སྐྱེལ་བར་འབད་བཞིན་ཡོད་དོ།།

(གསར་འགོད་པ་གསང་བདག་སྒྲོལ་མ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 4 4 阿坝日报藏文 c112268.html 1 གྲོང་སྡེ་རེ་ལ་ཐོན་ལས་རེ་སྤེལ་ནས།། གྲོང་དམངས་རེ་རེ་འབྱོར་ཕྱུག་ལམ་ལ་ཆས།། /enpproperty-->