数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

སི་ཁྲོན་ཞིང་ཆེན་ནོར་སྲིད་ཀྱིས་ལོ་འདིའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཁག་གཉིས་པ་གཤམ་སྤྲོད་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་5ཚེས་22ཉིན་གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ནོར་སྲིད་ཀྱིས་2020ལོའི་ཁག་གཉིས་པའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་45.5ལྷག་གཤམ་སྤྲོད་བྱས་འདུག དེའི་ཁྲོད་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར་29.4ཟིན་པ་དང་། ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར་16.1ཟིན།

མ་དངུལ་དེ་དག་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་གྲོང་སྡེ་དང་དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཡོང་འབབ་འཕར་བར་སྤྱོད་རྒྱུ་རེད། ས་གནས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་དོན་དངོས་དང་འབྲེལ་ནས་ཡུལ་བབ་དང་བསྟུན་པའི་གཏན་འཁེལ་བྱས་པའི་རྣམ་གྲངས་ཁྲོད་དུ་དབུལ་སྐྱོར་འཕེལ་རྒྱས་དང་། གྲངས་ཉུང་མི་རིགས་འཕེལ་རྒྱས། རྒྱལ་ཁབ་ལ་དབང་བའི་དབུལ་ཕོངས་ཞིང་ར། རྒྱལ་ཁབ་ལ་དབང་བའི་དབུལ་ཕོངས་ནགས་ར་བཅས་ཚུད་ཡོད།

དབུལ་སྐྱོར་འཕེལ་རྒྱས་ལ་མ་དངུལ་སྒོར་དུང་ཕྱུར་44.9བཀོད་སྒྲིག་བྱས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཁུལ་གསུམ་གྱི་ས་ཁུལ་དུ་གཤམ་སྤེལ་བྱ་རྒྱུ་དང་། དེའི་ཁྲོད་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལེའང་ཧྲན་ཁུལ་བཅས་ཁུལ་གསུམ་ལ་མ་དངུལ་སྒོར་དུང་ཕྱུར་3.5ལས་བརྒལ་ཡོད། གྲངས་ཉུང་མི་རིགས་འཕེལ་རྒྱས་ཐད་མ་དངུལ་སྒོར་ཁྲི་5694བཏང་ཡོད་ཅིང་། ཕན་ཀྲི་ཧྭ་གྲོང་ཁྱེར་མེ་དབྱི་རྫོང་སོགས་རྫོང་ཁག་20ལྷག་དང་ཁུལ་གསུམ་གྱི་ས་ཁུལ་དུ་གཤམ་སྤེལ་བྱ་རྒྱུ་དང་། དེའི་ཁྲོད་ལེའང་ཧྲན་ཁུལ་ལ་མ་དངུལ་སྒོར་ཁྲི་2242གཏོང་རྒྱུ་ཡིན། རྒྱལ་ཁབ་ལ་དབང་བའི་དབུལ་ཕོངས་ཞིང་ར་ལ་མ་དངུལ་སྒོར་ཁྲི་126ཚང་མ་ལེའང་ཧྲན་ཁུལ་ལ་བཀྲམ། རྒྱལ་ཁབ་ལ་དབང་བའི་དབུལ་ཕོངས་ནགས་ར་ལ་མ་དངུལ་སྒོར་ཁྲི་518བཏང་ནས་ཀོང་ཡོན་གྲོང་ཁྱེར་ཅན་ཀོ་རྫོང་སོགས་རྫོང་ཁག་5ལ་གཏོང་རྒྱུ་རེད།

2019ལོའི་ལོ་མཇུག་ཏུ་གཤམ་སྤྲོད་བྱས་པའི་ཁག་དང་པོའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་141.5བསྣན། མིག་སྔའི་བར་དུ། རང་ཞིང་གིས་2020ལོའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་187གཤམ་སྤྲོད་བྱས་པ་དང་། 2019ལོ་དང་བསྡུར་ན་མ་དངུལ་སྒོར་དུང་ཕྱུར་32འཕར་ཡོད་ལ། བརྒྱ་ཆ་20.6འཕར་ཡོད་དོ།། (ཨོ་རྒྱན་བཀྲ་ཤིས་ཀྱིས་བསྒྱུར་སྒྲིག་བྱས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 4 4 阿坝日报藏文 c112269.html 1 སི་ཁྲོན་ཞིང་ཆེན་ནོར་སྲིད་ཀྱིས་ལོ་འདིའི་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ཁག་གཉིས་པ་གཤམ་སྤྲོད་བྱས། /enpproperty-->