数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ལིས་རྫོང་ཕུ་འདུ་གྲོང་རྡལ་གྱིས་ཤ་མོ་བཏབ་ ནས་ཕྱུག་འགྱུར་གྱི་རེ་བ་བསྐངས།

ངེད་གསར་འགྱུར་གྱི་གསར་བཀོད། ལིས་རྫོང་ཕུ་འདུ་གྲོང་རྡལ་ཕུ་འདུ་གྲོང་སྡེའི་གྲོང་མི་ལེའོ་མའོ་དབྱང་གིས། ད་ལོར་ཤ་མོ་མུའུ་1.3བཏབ་པ་དང་། ཐོན་ཚད་སྤྱི་རྒྱ་325ཡོད་ལ། ད་ལྟའི་ཁྲོམ་རའི་གནས་ཚུལ་ལ་གཞིགས་ན་ཡོང་འབབ་སྒོར་39000ཡོད་ངེས་ཞེས་བཤད། ད་ལོར་ཤ་མོ་ལ་ལོ་ལེགས་བྱུང་བས་གྲོང་མི་ལེའོ་མའོ་དབྱང་གི་གདོང་ལ་འཛུམ་གྱིས་ཁེངས་འདུག

ལེའོ་མའོ་དབྱང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་ཞོག་ཁོག་བཏབ་ནས་དཀའ་ལས་མྱོང་བར་མ་ཟད་ཡོང་འབབ་ཀྱང་མང་པོ་མེད། དེའི་རྗེས་གྲོང་རྡལ་དང་གྲོང་སྡེ་ཡིས་རོགས་སྐྱོར་འོག་དང་། ལེའོ་མའོ་དབྱང་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཤ་མོ་ཚོད་འདེབས་བྱེད་མགོ་ཚུགས། ཤ་མོ་ཚོད་འདེབས་བྱས་པ་ནས་བཟུང་། གྲོང་རྡལ་གྱིས་ལེའོ་མའོ་དབྱང་ལ་ས་བོན་སྤྲད་པར་མ་ཟད་ལག་རྩལ་བ་གདན་དྲངས་ནས་ཤ་མོ་འདེབས་རྩལ་ཡང་ཁྲིད་པ་དང་། ཤ་མོ་ཕྱིར་ཚོང་གི་ཐབས་ལམ་བཙལ་ནས་ལེའོ་མའོ་དབྱང་གི་ཐོན་སྐྱེད་དང་ཕྱིར་ཚོང་གི་སེམས་ཁྲལ་བསལ།

ལིས་རྫོང་ཧྲན་ལའོ་ཁན་དེང་རབས་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་ཁུར་བ་ཧན་ཅན་ཡུང་གིས། སྤྱི་ཁྱབ་པ་ཀྲང་ལགས་ལ་ཁ་པར་གྱི་ལམ་ནས། ཁྱེད་ཀྱིས་མངག་ཉོ་བྱས་པའི་ཤ་མོ་སྤྱི་རྒྱ་10དེ་རིང་ཚོང་ཟོག་གཏོང་གི་ཡོད། ཆུ་ཚོད་48ནང་དངོས་ཟོག་འབྱོར་ཐུབ་ཅེས་བཤད། ཤ་མོ་ནི་ཟས་སྤྱོད་ཤ་མོ་དང་སྨན་སྤྱོད་ཤ་མོ་རྩ་ཆེན་ཞིག་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ཟས་རིགས་གསོ་ཐབས་ཀྱི་རིན་ཐང་ཡོད་པ་དང་། ལིས་རྫོང་གི་མཚོ་ངོས་ཀྱི་མཐོ་ཚད་དེ་ཤ་མོ་སྐྱེས་པར་འཚམ་ཞིང་། རྒྱལ་ཁབ་ཀྱི་སྤྱི་གནོད་མེད་པའི་ཚད་གཞི་དང་མཐུན་པས། རྒྱ་ཆེའི་འཛད་སྤྱོད་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

ཉེ་བའི་ལོ་ཤས་རིང་། ལིས་རྫོང་གིས་ཐོན་ལས་འཆར་འགོད་ལ་དམ་འཛིན་ཏན་ཏིག་བྱས་པ་བརྒྱུད། ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་ནས་ཤ་མོ་འདེབས་རྒྱུ་དེ་གྲོང་མིའི་ཡོང་འབབ་མང་དུ་གཏོང་བའི་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར་དུ་ལིས་རྫོང་གིས་ཤ་མོ་མུའུ་300ཙམ་བཏབ་ཡོད་པ་དང་། སྔོན་དཔག་བྱས་ན་ཐོན་ཚད་ཏུན་30ཙམ་ཟིན་རྒྱུ་རེད་དོ།།

(གསང་བདག་སྒྲོལ་མས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 4 4 阿坝日报藏文 c112271.html 1 ལིས་རྫོང་ཕུ་འདུ་གྲོང་རྡལ་གྱིས་ཤ་མོ་བཏབ་ ནས་ཕྱུག་འགྱུར་གྱི་རེ་བ་བསྐངས། /enpproperty-->