数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

པར་རིས་ གསར་འགྱུར།

↑ཕག་བྲེས་གྲོང་སྡེའི་གཞིས་སྲུང་རྒན་རྒོན་དང་བུད་མེད་150ལྷག་གིས་རྟེན་གཞི་རུ་ཞོར་ལས་གཉེར་བས་ཡོང་འབབ་སྔོན་ཆད་དང་བསྡུར་ན་ལྡབ་3འཕར།

↑སྡེ་མི་ཚོས་བསྡུས་པའི་འབྲི་ཏ་ས་འཛིན་དབོར་འདྲེན་བྱེད་བཞིན་པ།

↓འབྲི་ཏ་ས་འཛིན་སྡུད་བཞིན་པ།

ཉེ་ཆར། ཆུ་ཆེན་རྫོང་མདོ་བུ་གྲོང་རྡལ་ཧོ་མ་གྲོང་སྡེ་རུ་སྡེ་མིས་འབྲི་ཏ་ས་འཛིན་སྡུད་བཞིན་ཡོད།

ཧོ་མ་གྲོང་སྡེ་ནི་མངགས་ཐོ་ལ་གཞིགས་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་གྲོང་སྡེ་ཞིག་ཡིན་ལ། 2019ལོར། མདོ་བུ་གྲོང་རྡལ་ཕག་བྲེས་གྲོང་སྡེ་དང་ཅ་མ་གྲོང་སྡེ་བར་ཐོན་རྫས་ཐད་ཀར་མཁོ་སྤྲོད་ཀྱི་གྲོས་མཐུན་བཞག ཟླ་5བའི་ཟླ་དཀྱིལ་ནས་བཟུང་། གྲོང་སྡེའི་འབྲི་ཏ་ས་འཛིན་སྨིན་ནས་ཁྲོམ་རར་འདོན་པའི་དུས་ཚིགས་སུ་སླེབས་ཡོད། ཧོ་མ་གྲོང་སྡེའི་གྲོང་མི་ཚོའི་ཡོང་འབབ་སྟེ། ཞིང་ས་ནང་བཤུལ་གྱི་ཡོང་འབབ་བསྣན་རྗེས་ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་3ལས་བརྒལ་ཐུབ་བོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 4 4 阿坝日报藏文 c112270.html 1 པར་རིས་ གསར་འགྱུར། /enpproperty-->