数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

རྡོ་གཅལ་སྟེང་གི་ཏཾ་ཡིག

♦རྡོ་ངག་ཡངས། 【འཛམ་ཐང་།】

དཔུང་ཤ་མེ་རུ་བྲུས་ཏེ་དྲན་པ་རྣོ་སྐུད་དུ་བསྒྲིམས་རྗེས།

རྡོ་གཅལ་སྟེང་དུ་དྷིཿཡིག་འཚོལ་འགོ་བརྩམས།

གཏན་ཚིགས་ཀྱི་ཕྲེང་རྡོག་རེ་རེ།

ཤོག་ལྷེ་ཧྲལ་ཧྲུལ་གྱི་ལ་ལུང་ནས་བཏུས།

དེ་དུས།

དབུ་ལྗོན་དཀར་བའི་ཕྱག་དཔེ་སྣ་རིང་།

རས་གཟན་ཁོ་ནའི་འོག་གི་མཆོད་མེ་ཡིན་ཟེར།

མེ་ཏོག་དཀར་དམར་མང་དུ་བཞད་རུང་།

ཁྱེད་ཀྱིས་དབྱར་ཁ་ཁྲ་ཁྲ་མིན་ཚུལ་ཡང་ཡང་གསུངས།

མཚན་མོ་དེར།

དིང་གླིང་ལས་བཞུར་བའི་མིག་ཆུ་གྲང་མོ་ཞིག

བྱ་བྲལ་བའི་སྒེའུ་ཡོལ་ལ་སྲོད་རླུང་གིས་བསྐུས།

ལྟས་དབང་དེས།

མི་ལ་རས་པའི་སྒོམ་ཐག་དེ།

ཚངས་དབྱངས་རྒྱ་མཚོའི་སྨྱུག་གླིང་ལ་བརྗེས་སྐད།

ལོ་ཟླའི་ཉིན་སྲིབ་གླེགས་བུར་བལྟེབས་རྗེས།

བཙལ་བཙལ་ཏེ་རྙེད་པ་ནི་ཏཾ་ཡིག་ཅིག

དེ་ནི། གདོད་མའི་ཁམས་ཀྱི་ཨ་ཡིག་དཀར་པོ།

འཁོར་བའི་གཏིང་གི་ཎྲྀ་ཡིག་ལྗང་ཁུ།

ང་དང་ཁྱོད་ཀྱི་བྷྲཱུཾ་ཡིག་གྲུ་བཞི་དེ།

ངུར་སྨྲིག་གི་གྲུ་ཁེམ་དང་ལས་དབང་གི་ཀོ་གྲུ།

སྲིད་པའི་མཚོ་ངོགས་ན་ལྒང་ལི་ཆུང་ཆུང་ཞིག

ཨུ་ཐུགས་ཚེ་ཤུགས་ཀྱིས་བོས་དང་།

ཏཾ་ཡིག་གི་འོད་ཟེར་ལྗང་ཁུས།

ཁྱོད་ལ་དབུགས་དབྱུང་གཞན་ཞིག་སྩོལ་ངེས།

དེ་ནི། ས་ལ་བྲིས་པའི་གཤོང་གཤོང་དེ་མ་ཡིན་ལ་རྡོ་ལ་བརྐོས་པའི་ཤུར་ཤུར་དེའང་མ་ཡིན།

དེ་ནི། ཆུ་ལ་ཤར་བའི་རམ་རིམ་དེ་མ་ཡིན་ལ་མཁའ་ལ་དོད་པའི་ཡེར་ཡེར་དེའང་ག་ལ་ཡིན།

དེ་ནི། ནམ་རྒྱུན་ཆེས་དྭངས་པ་ཞིག་སྟེ།

ལན་རེར་ཧ་ཅང་གི་སྙོག་མ་ཅན་ཞིག

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-04-20 ♦རྡོ་ངག་ཡངས། 【འཛམ་ཐང་།】 4 4 阿坝日报藏文 c141897.html 1 རྡོ་གཅལ་སྟེང་གི་ཏཾ་ཡིག /enpproperty-->