ངེད་གསར་འགྱུར་གྱི་གསར་བཀོད། ཟླ་7ཚེས་2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅའོ་དབྱང་གིས་གཙོ་འགན་བཞེས་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་2026ལོའི་གྲོས་ཚོགས་ཐེངས་6པ་འཚོགས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁུངས་མི་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས་ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་གྲོས་ཚོགས་དང་ཡིག་ཆ་གལ་ཆེན། དེ་མིན་འགོ་ཁྲིད་བློ་མཐུན་གཙོ་བོའི་གསུང་བཤད་དགོངས་དོན་ལ་གཅིག་སྡུད་སྒོས་སློབ་སྦྱོང་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་105ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། ལག་ལེན་དོན་འཁྱོལ་གྱི་གྲོས་གཞིར་ཞིབ་འཇུག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ཏུ་བསྟར་ནས། གསུང་བཤད་ཀྱི་དགོངས་དོན་རྔ་བའི་ལས་དོན་སོ་སོའི་ཁྲོད་ནས་ལག་ལེན་དོན་འཁྱོལ་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་རང་རྟོགས་ཇེ་མཐོར་བཏང་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། དཀའ་སྤྱད་འབད་བརྩོན་དང་དཔའ་ངར་ཆེན་པོའི་མདུན་དུ་བསྐྱོད་དེ། རྔ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། “ལྔ་འཆར་བཅོ་ལྔ་བའི”མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་བྲུབ་འགོག་ཐན་འགོག་གནོད་སེལ་ལས་ཀའི་བཀོད་གཏོང་གྲོས་ཚོགས་ཐོག་གི་གསུང་བཤད་བླང་བྱར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། ལག་ལེན་དོན་འཁྱོལ་གྱི་གྲོས་གཞིར་ཞིབ་འཇུག་བྱས་སོ།།
(བདེ་མཆོག་སྐྱིད་ཀྱིས་བསྒྱུར།)



