ངེད་གསར་འགྱུར་གྱི་གསར་བཀོད། ཟླ་7ཚེས་3ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅའོ་དབྱང་འབར་ཁམས་གྲོང་ཁྱེར་ཆུ་མདོའི་ཆུ་གློག་ས་ཚིགས་སུ་ཕེབས་ཏེ། ཆུ་མཛོད་ཁུལ་གྱི་བདེ་འཇགས་དོ་དམ་ཚོད་འཛིན་དང་། ཆུ་གློག་ས་ཚིགས་ཀྱི་འཁོར་སྐྱོད། ཆ་སྡེབ་རྣམ་གྲངས་འཛུགས་སྐྲུན་ལས་ཀར་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། “མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་”འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བདེ་འཇགས་དང་འཕེལ་རྒྱས་ལ་གཅིག་འདོམས་བྱེད་དགོས་ལ། འཛུགས་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་བདེ་འཇགས་ལ་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། ཕྱིར་སྐྱོད་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ནུས་ཁུངས་ཀྱི་ཐོན་ལས་སྦྲེལ་ཐག་སྐྱེད་སྲིང་བྱེད་དགོས། བདེ་འཇགས་ལ་འགན་ལེན་དང་། དམངས་འཚོར་འགན་སྲུང་བྱེད་པ། འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་འགན་ཁག་ལ་དམ་འཛིན་ནན་མོ་བྱེད་དགོས་པ་དང་། དངོས་སྒྲུབ་དངོས་ཕན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཁུལ་གྱི་འགོ་ཁྲིད་ཧོ་ཞིན་ཀོང་དང་ཝང་ཧྲུའུ་མིང་། ཀྲུའུ་རུའེ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་རིག་འཛིན་ཚེ་རིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་རྟོག་ཞིབ་ཏུ་ཞུགས་སོ།།
(སྒྲོན་ལོས་བསྒྱུར།)



