数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:阿坝日报

རྔ་བ་རྫོང་གིས་བྱིས་པའི་གཅིན་གདན་ཚོང་རར་ཆེད་དོན་ཞིབ་ བཤེར་བྱས་ཏེ་བྱིས་པའི་བདེ་ཐང་ལ་འགན་སྲུང་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་7ཚེས་7ཉིན། རྔ་བ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མ་བུའི་མཁོ་ཆས་ཀྱི་བདེ་འཇགས་འགོག་སྲུང་བརྟན་འཛུགས་དང་བྱིས་པའི་ལུས་པོའི་བདེ་ཐང་ལ་འགན་ལེན་བྱ་ཆེད། ཁྲིམས་འཛིན་མི་སྣ་རྩ་འཛུགས་བྱས་ནས་མངའ་ཁོངས་ཀྱི་མ་བུའི་མཁོ་ཆས་ཆེད་ཚོང་ཁང་དང་ཚོང་ཁང་གི་མ་བུའི་མཁོ་ཆས་བཙོང་ཁུལ་ལ་ཕྱིན་ཏེ། བྱིས་པའི་གཅིན་གདན་ལ་ཆེད་དོན་ཞིབ་བཤེར་བྱས།

ཐེངས་འདིའི་བརྟག་དཔྱད་ཀྱིས་GB/T 28004.1-2021《བྱིས་པའི་གཅིན་གདན》དང་GB 15979-2024《གཅིག་སྤྱོད་འཕྲོད་བསྟེན་དངོས་པོའི་འཕྲོད་བསྟེན་ཚད་གཞི》ཡིག་ཆའི་ནང་དོན་ལྟར་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་བྱས། གཙོ་བོ་ཚོང་གཉེར་མཁན་ལ་ཚོང་གཉེར་ལག་རྟགས་དང་ཐོན་རྫས་ཐོན་སྐྱེད་ཀྱི་འཕྲོད་བསྟེན་ཆོག་མཆན་ཡི་གེ རིམ་པ་སོ་སོའི་བརྟག་དཔྱད་སྙན་ཞུ་སོགས་ཀྱི་ཡིག་ཆར་ཞིབ་བཤེར་ནན་མོ་བྱས་ཤིང་། ཚོང་ཟོག་ལེན་པའི་རྩིས་ཐོ་དང་དཔང་ཡིག འཛིན་ཤོག་གི་ཟིན་ཐོ་སོགས་ཞིབ་བཤེར་བྱས་ཏེ། ཚོང་ཟོག་གི་ཡོང་ཁུངས་བདེ་འཇགས་ཡིན་པར་འགན་སྲུང་བྱས།

ཚོང་ཟོག་ཞིབ་བཤེར་གྱི་བརྒྱུད་རིམ་ཁྲོད།ལས་བྱེད་མི་སྣས་གཅིན་གདན་གྱི་ཕྱི་ཐུམ་གྱི་མཚོན་རྟགས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཐོན་རྫས་ཀྱི་མིང་དང་བེད་སྤྱོད་བྱེད་པར་འཚམ་པའི་ལུས་པོའི་ལྗིད་ཚད། ཐོན་སྐྱེད་དུས་ཚོད། སྤུས་ཉར་དུས་ཡུན། ཐོན་སྐྱེད་བཟོ་གྲྭའི་ཆ་འཕྲིན་ཆ་ཚང་མིན་སོགས་ལ་ཞིབ་བཤེར་བྱས། ནང་འདྲེན་བྱས་པའི་ཐོན་རྫས་ཀྱི་མཚོན་རྟགས་ཁ་ཚང་མིན་ལ་ནན་བཤེར་བྱས་ཏེ། གསུམ་མེད་ཐོན་རྫས་དང་དུས་ཡོལ་ཚོང་ཟོག་ལེགས་སྒྱུར་བྱས།

ཐེངས་འདིར་ཁྱོན་བསྡོམས་ཚོང་གཉེར་ཁང་3ལ་ཞིབ་བཤེར་བྱས་ཤིང་། ཡུལ་དངོས་ནས་གནད་དོན་2ལེགས་སྒྱུར་བྱས། རྗེས་ཕྱོགས་སུ། རྔ་བ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་མུ་མཐུད་དུ་མ་བུའི་མཁོ་ཆས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། མཛད་སྤྱོད་པས་ཞུ་གཏུག་བྱེད་པར་སྟབས་བདེ་སྐྲུན་རྒྱུ་ཡིན། སྤུས་ངན་གྱི་གཅིན་གདན་བཙོང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་ནན་མོ་བྱས་ཏེ། མང་ཚོགས་ལ་བདེ་འཇགས་ཀྱི་མ་བུའི་མཁོ་ཆས་ཀྱི་མཛད་སྤྱོད་ཁོར་ཡུག་ཅིག་སྐྲུན་རྒྱུའོ།།

(འཕྲིན་སྤེལ་བ་ཚངས་དབང་ལྷ་མོ།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-07-14 4 4 阿坝日报藏文 c227254.html 1 རྔ་བ་རྫོང་གིས་བྱིས་པའི་གཅིན་གདན་ཚོང་རར་ཆེད་དོན་ཞིབ་ བཤེར་བྱས་ཏེ་བྱིས་པའི་བདེ་ཐང་ལ་འགན་སྲུང་བྱས། /enpproperty-->