ངེད་གསར་འགྱུར་གྱི་གསར་བཀོད།ཉེ་བའི་ལོ་འདི་དག་གི་རིང་ལ། མཛོད་དགེ་རྫོང་གིས་གྲོང་རྡལ་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་ལེན་དང་སྐྱེལ་བ་གཞི་གཅིག་ཅན་འཛུགས་སྐྲུན་བྱས་ནས། རྫོང་ཡོངས་ཀྱིས་གད་སྙིགས་གཙང་སེལ་བྱེད་ཚད་བརྒྱ་ཆའི་བརྒྱ་རྒྱུན་འཁྱོངས་བྱས། སྲིད་འཛིན་གྲོང་ཚོའི་གད་སྙིགས་བསྡུ་འདྲེན་བྱེད་ཚད་ས་ཁོངས་ཡོངས་ལ་བརྒྱ་ཆའི་བརྒྱ་ཁེབས་ཡོད་ལ། གྲོང་རྡལ་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་སྤུས་ཚད་ཆ་ཚང་བར་མཐོར་འདེགས་བཏང་།
གད་སྙིགས་བསྡུ་འདྲེན་བྱེད་པའི་ཆུ་ཚད་ཆེ་རུ་གཏོང་ཆེད། 2026ལོར་མཛོད་དགེ་རྫོང་ནོར་སྲིད་ཅུས་ཀྱིས་སྒོར་ཁྲི་755.47སྤྱད་ནས་གྲོང་རྡལ་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ལ་བདག་སྲུང་བྱས། ད་དུང་གྲོང་གསེབ་ཀྱི་དོན་དངོས་ཀྱི་གད་སྙིགས་བྱུང་ཚད་ལ་གཞིར་བཟུང་ནས་གད་སྙིགས་གཙང་སེལ་གྱི་རླངས་འཁོར་16དང་ཆེད་ལས་ཀྱི་མི་སྣ་34བཀོད་སྒྲིག་བྱས། གཙོ་བོར་རྒྱལ་ལམ་དང་གཞུང་ལམ་གྱི་མཐའ་མཚམས་ནས་འཚོ་བའི་གད་སྙིགས་གཙང་སེལ་བྱས། མིག་སྔར། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མ་གད་སྙིགས་བསྡུ་སྒྲིག་མ་ལག་ནང་དུ་ཚུད་ཡོད།
རྗེས་ཕྱོགས་སུ། མཛོད་དགེ་རྫོང་གིས་མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་བདག་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་གྲོང་རྡལ་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ཁྱབ་ཁོངས་ཡོངས་ནས་ཞིབ་ཚགས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུའོ།།(ནོར་འཛིན་དབང་མོས་སྒྱུར་སྒྲིག་བྱས།)



