数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:阿坝日报

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཆུན་པོ་དུས་ནམ་ ཡང་རྔ་བའི་ས་གཞི་ཆེན་མོར་བཞད་དུ་བཅུག

ངེད་གསར་འགྱུར་གྱི་གསར་བཀོད།ཉེ་བའི་ལོ་ཤས་རིང་རྔ་བ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོད་རྒྱུ་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས་རྒྱུན་མཐུད་དུ“སེ་འབྲུ་མེ་ཏོག་བཞད་པ·མཛེས་སྡུག་ལྡན་པའི་རྔ་བ”ཡི་སྤུས་རྟགས་བསྐྲུན་ཏེ།“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ”གྱི་མཚན་སྙན་རྒྱུན་མཐུན་བྱས། “ལྔ་འཆར་བཅོ་ལྔ་པའི”སྐབས་སུ་ཁུལ་ཡོངས་ཀྱིས“མཉམ་སྡོད་བྱེད་པ”དང“སེམས་ཁམས་གསོ་བ”དང“མཉམ་དུ་ཕྱུག་འགྱུར་ཡོང་བ”དང“བཅོས་སྐྱོང་བྱེད་མཁས་པ”བཅས་ཀྱི་ཁྱད་ལྡན་གྱི་བྱེད་ཐབས་ཆེན་པོ་བཞི་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྔ་བ་ཁུལ་དུ་དུས་ནམ་ཡང་བཞད་པར་བཅུག

མཉམ་སྡོད་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཁྱིམ་མཚེས་སུ་བསྡད་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བྱས། ཁུལ་ཡོངས་ཀྱིས་ཕན་ཚུན་ཕྲ་རྒྱན་གྱི་རྣམ་པའི་སྤྱི་ཚོགས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། མི་རིགས་མཉམ་འདྲེས་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཛུགས་སྐྲུན་ནང་གཏིང་ཟབ་མཉམ་འདྲེས་བྱེད་པ། མི་རིགས་མང་བོ་འདུས་སྡོད་ཁུལ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ཚད་གཞི་མཐོན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་30བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་མཉམ་སྡོད་ཁྲོད་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་བཏང་ལ། དེ་དང་ཆབས་ཅིག་ཤར་ནུབ་རྒྱུད་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱིས“བརྩེ་བ་མཉམ་འདྲེས་ཀྱི་དབྱར་སྒར་”དང“ལས་མིའི་ཉམས་ལེན་འགྲུལ་བཞུད”སོགས་ཕྱོགས་གཉིས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་ནས་ཕན་ཚུན་སློབ་སྦྱོང་རོགས་རེས་དང་། མཉམ་ལས་མཉམ་སྤྲོ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་གྱུར་ཡོད།

སེམས་ཁམས་གསོ་བ།གསར་བརྗེའི་རྩ་བ་དང་མི་རིགས་ཀྱི་དྲན་པ་ཕན་ཚུན་འོད་མདངས་འཕྲོ་བར་བྱས། ཁུལ་ཡོངས་ཀྱིས་རྔ་བའི་གངས་རི་དང་རྩྭ་ཐང་གི་གསར་བརྗེའི་རིག་གནས་དང་། ཐང་བོད་གནའ་ལམ། ཇ་རྟའི་ཁྲོམ་རའི་མཉམ་འདྲེས་ལོ་རྒྱུས་བཅས་སྔོག་འདོན་གཏིང་ཟབ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསོའི་ཀློག་དེབ་བཟོས་ནས་སློབ་གྲྭ་ཆུང་འབྲིང་གི“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དུ་འཇུག་རྒྱུ་རེད། དེ་དང་ཆབས་ཅིག་ཡིང་ཞིའུ་དང་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ས་ཁོངས་ཡོངས་སུ“སེ་འབྲུའི”ས་ཚིགས་དང་མི་རིགས་མཐུན་སྒྲིལ་ཐང་ཆེན་སོགས་བཀོད་སྒྲིག་བྱས་ནས“རྨ་ཆུའི་ཆུ་མགོ·ཀྲུང་ཧྭའི་བརྩེ་འདུན”དང“སེ་འབྲུ་མེ་ཏོག་བཞད་པ·མཛེས་སྡུག་ལྡན་པའི་རྔ་བ”སོགས་ཁྱད་ལྡན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས་མི་རིགས་ཁག་གི་ཐུན་མོང་གི་དྲན་པ་སྔར་བས་སྦྲེལ་མཐུད་བྱས་ནས“ཐུན་མོང་བཞིའི”བརྩེ་དུང་དང་འདུ་ཤེས་གོང་བུར་བསྒྲིལ་བྱུང་།

མཉམ་དུ་ཕྱུག་འགྱུར་ཡོང་བ།མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་ཐོག་མི་རིགས་གཅིག་ཀྱང་ཆད་མི་རུང་། ཁུལ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཐོན་ལས་དམངས་ཕྱུག་དང་། རིག་གནས་ཡུལ་སྐོར་དམངས་ཕྱུག སྐྱེ་ཁམས་དམངས་ཕྱུག་བཅས་ལ་སྐུལ་འདེད་བཏང་ནས་གྲོང་ཚོ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཆ་སྒྲིག་བྱས་ནས་སྐྱོད་ཐུབ་པ་བྱས། “ཁེ་ལས་དང་མི་རིགས་ཁག་གི་མང་ཚོགས་”ཀྱི་ཁེ་ཕན་མཉམ་འབྲེལ་སྒྲིག་གཞིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ཆེ་བ་བྱས་ནས་མི་རིགས་མཉམ་ཕྱུག་གི་གཏམ་རྒྱུད་དེ་བས་མང་བོ་རྔ་བའི་ས་གཞི་ཆེན་པོར་གསོན་ཉམས་ལྡན་པའི་ངང་འབྲི་རྒྱུ་རེད།

བཅོས་སྐྱོང་བྱེད་མཁས་པ། གཅིག་མཐུན་འདུས་གྲུབ་ལྟ་བ་གཞི་རིམ་དུ་རྩ་བ་ཚུགས་ནས་བཅོས་སྐྱོང་བྱེད་པ།ཁུལ་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སེམས་ཁམས་ཁྲིད་སྟོན་ཁང་གསར་གཏོད་བྱས་ནས་བཙུགས་ཏེ་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་174ཡི་སེ་འབྲུ་ལས་དོན་ལྟེ་གནས་དང་། གྲོང་ཚོ(སྡེ་ཁུལ)1154ཡི་སེ་འབྲུའི་ལས་དོན་ཁང་། དྲྭ་ཐོག་ཞིབ་གཉེར་བ་4000ལྷག་བཅས་ཀྱི་གཞི་རིམ་བཅོས་སྐྱོང་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ཏེ་རྒྱུན་རྣམ་ཅན་དུ་སྐད་གཉིས་སྒྲོག་འགྲེལ་དང་། དམངས་ཀྱི་གནས་ཚུལ་བཅར་འདྲི། འགལ་བ་འདུམ་སྒྲིག་བཅས་བྱས། དེ་དང་ཆབས་ཅིག་དཀའ་ངལ་དང་ཉམས་ཞན་ལ་རོགས་རམ་དང་བྱམས་ལྡན་ཕ་མ་སོགས་མང་ཚོགས་ལས་དོན་གྱི“སེ་འབྲུ”ལས་གཞིའི་བྱ་སྤྱོད་ཆེན་པོ་བརྒྱད་མུ་མཐུད་རིམ་སྤོར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་མང་ཚོགས་ཀྱི“དམངས་འཚོའི་དོན་ཆེན”དང“འགག་རྩའི་དོན་གནད་དུ”དངོས་སུ་དོན་འཁྱོལ་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མར་རྩམ་ལྟར་མཉམ་འདྲེས་དམ་ཟབ་ཐུབ་པ་བྱས་སོ།།(གསར་འགོད་པ་ཚེ་དཔག་ལྷ་མོ།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-08-14 4 4 阿坝日报藏文 c228054.html 1 མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཆུན་པོ་དུས་ནམ་ ཡང་རྔ་བའི་ས་གཞི་ཆེན་མོར་བཞད་དུ་བཅུག /enpproperty-->