ཉེ་ཆར།ཁྲོ་ཆུ་རྫོང་ཙ་བུ་གྲོང་རྡལ་དུ་ས་མུའུ་སྟོང་ལྷག་གི་གྲོ་ཞིང་ལ་ལོ་ལེགས་བྱུང་ནས་བརྔ་བསྡུ་བྱེད་མགོ་ཚུགས་པ་དང་འཕྲུལ་ཆས་ཅན་གྱི་ལས་ཀ་དང་ཞིབ་ཚགས་ཅན་གྱི་ཞིང་ཁའི་དོ་དམ་སྲུང་སྐྱོང་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་བརྒྱུད་བརྔ་བསྡུའི་ཕན་འབྲས་དང་མུའུ་རེའི་ཐོན་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། ཚད་ལྡན་ཅན་གྱི་འདེབས་འཛུགས་དང་རི་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་བཏང་བ་ལས་ས་གནས་ཀྱི་མཐོ་སྒང་གི་འབྲུ་མཛོད་ཀྱི་ཐོན་ནུས་རྒྱུན་མཐུད་ངང་བརྟན་དུ་ཕྱིན་ནས་རྫོང་ཡོངས་ཀྱི་ཞིང་ལས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་བར་འདྲ་བཟོ་ཐུབ་པའི་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས།



