数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:阿坝日报(藏文数字报2026.11.13)

བློ་མཐུན་ཞི་ཅིན་ཕིང་གི《དབུལ་ཕོངས་ཉུང་གཏོང་དང་དབུལ་སྒྲོལ་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《དབུལ་ཕོངས་ཉུང་གཏོང་དང་དབུལ་སྒྲོལ་སྐོར་གླེང་བ》ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་བྱེད་པ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་མཐའ་ཚད་ཀྱི་ལས་འགན་ལ་བརྩིས་ཏེ། གཞི་ཁྱོན་ཤིན་ཏུ་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་སྒྲིག་འཛུགས་བྱས་པ་དང་འབྲེལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེས། བློ་མཐུན་ཞི་ཅིན་ཕིང་གིས་དབུལ་པོ་ཉུང་གཏོང་དང་དབུལ་སྒྲོལ་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་ནི་རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ཁོང་དུ་ཆུད་པ་ཞིག་ཡིན་པ་མ་ཟད། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཅིག་དང་། མར་ཁེ་སི་རིང་ལུགས་ཀྱི་དབུལ་འགོག་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་ཀྱང་ཡིན་པས། དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།དབུལ་ཕོངས་དང་རིང་དུ་བྲལ་བ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བའི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ལག་གདང་སྦྲེལ་ནས་བསྐྲུན་པ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།《མི་དམངས་ཉིན་རེའི་ཚགས་པར》གྱིས་བཏོན།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 4 4 阿坝日报藏文 c230115.html 1 བློ་མཐུན་ཞི་ཅིན་ཕིང་གི《དབུལ་ཕོངས་ཉུང་གཏོང་དང་དབུལ་སྒྲོལ་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ། /enpproperty-->