ངེད་གསར་འགྱུར་གྱི་གསར་བཀོད། ཟླ་11ཚེས་10ཉིན། ཁུལ་ཨུའི་རྒྱུན་ཨུ་ཁང་གིས་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལས་དོན་སྔར་ལས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྲོས་གཞིར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཏའེ་ཏེ་ཅུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་གསུང་བཤད་གནང་།
གྲོས་ཚོགས་ལས་བསྟན་དོན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྨ་ཆུ་བཅོས་སྐྱོང་བྱས་ནས་ལོ་འཁོར་80ལོན་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་མཛུབ་སྟོན་གལ་ཆེན་གནང་སྟེ་རྒྱང་སྐྱོད་གསར་བའི་ལམ་དུ་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་འཐབ་ཇུས་བཀོད་སྒྲིག་གནང་བ་དང་། རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་བརྩི་སྲུང་མཁོ་འདོན་གནང་ཡོད། རྔ་བ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་དང་ཆུ་ཁུངས་མཁོ་སྤྲོད་ཁུལ་ཡིན་ལ།“ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། སྟོད་རྒྱུད་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་། སྟོད་རྒྱུད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ། སྟོད་རྒྱུད་ཀྱི་ཁག་ལེན་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྲུང་སྐྱོང་དང་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གཞི་འཛིན་ས་བྱས་ཏེ། རྨ་ཆུའི་གཞུང་རྒྱུན་དང་ཆུ་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ནས་བྱེ་འགྱུར་བཅོས་སྐྱོང་དང་། བརླན་ས་སླར་གསོ། རྩྭ་ཕྱུགས་དོ་སྙོམས་བཅས་ཀྱི་འགྱུར་མེད་གཅུན་སྡོམ་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་། ཆུ་བོ་དང་མཚེའུ་དཔོན། སྐྱེ་ཁམས་ཉེན་རྟོག་ལས་དོན། སྤྱི་ཕན་རང་བཞིན་གྱི་ལས་གནས། དྲྭ་གཉེར་བ་སོགས་ཀྱི་སྟོབས་ཤུགས་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ནན་མོ་སྐྲུན་དགོས། ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱས་ནས་རིག་གནས་ཡུལ་སྐོར་དང་། ནུས་ཁུངས་གཙང་མ། ཁྱད་ལྡན་རོང་འབྲོག་བཅས“ཁྱབ་ཁུངས་གསུམ”ལ་དམིགས་ཏེ། ཐོན་ལས་ཕྲེང་ཐག་སྟོབས་ཆེར་གཏོང་བ་དང་ཁྱུ་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེ་བས་དམ་ཟབ་དང་རྒྱུན་མཐུད་ཐུབ་པའི་ཐོན་ལས་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ནས། རོང་འབྲོག་པ་དེ་ལས་མང་པོར“སྐྱེ་ཁམས་ཟ་མ”ཡག་པོ་ཟ་བ་དང“སྐྱེ་ཁམས་ཕན་པ”མཉམ་སྤྱོད་ཐུབ་པར་བྱེད་དགོས།
གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་སོ།།
(སྒྲོན་ལོས་བསྒྱུར།)



