ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱི་བློ་མཐུན་རྣམ་པ།
བརྙན་མིག་ལས་མཐོ་སྒང་གི་ཡོ་ལང་ངོམས། སྨྱུག་རྩེ་ནས་རྔ་ཁུལ་གྱི་གཏམ་རྒྱུད་འཁྲུངས། ཁུལ་ཡོངས་ཀྱི་སྟོད་སྨད་བར་གསུམ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྔ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་འདིར། ང་ཚོས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་ཉེར་བདུན་པ་དགའ་བས་བསུ་བ་དང་། གསར་འགྱུར་ལས་སྒྲུབ་པར་དབང་བའི་གཟི་བརྗིད་ལྡན་པའི་དུས་ཆེན་འདིར་ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱི་བློ་མཐུན་རྣམ་པར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བ་དང་། རྔ་བའི་གསར་འགྱུར་བྱ་བཞག་ཐད་བྱས་རྗེས་ཆེ་བའི་གསར་འགྱུར་ལས་སྒྲུབ་པ་རྒན་རབས་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན།
ནངས་བ་མོ་ལྷམ་དང་དགོང་སྐར་ཚོགས་ཞྭ་རུ་བྱས་ནས་གཞི་རིམ་དུ་བསྐྱོད་ཅིང་རང་འཁྲིའི་ལས་འགན་ཕྲག་ཏུ་ཁུར། ལོ་གཅིག་གི་རིང་ལ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་གསར་འགྱུར་ལས་སྒྲུབ་པ་ཡོངས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་105ལོན་པ་དང་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་90ལོན་པར་དམིགས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། རིག་ཡུལ་མཉམ་འདྲེས། ཐོན་ལས་སྤུས་སྤོར། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་སོགས་ཀྱི་ལས་དོན་གཞིར་བཟུང་ནས། རི་ཆུ་གོམ་པས་གཞལ་ཞིང་། གངས་རི་དང་རྩྭ་ཐང་བརྒལ་ནས། བོད་ཡུལ་ཆའང་སྡེར་བསྐྱོད་དེ་བརྙན་མིག་དང་ཡི་གེའི་ལམ་ནས་ཀུན་གྱི་འདྲེན་བྱེད་ཀྱི་དཔལ་དུ་དྲངས། རྔ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ལག་ལེན་དངོས་ལས་ར་སྤྲོད་བྱུང་བར། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་གསར་འགྱུར་ལས་སྒྲུབ་པ་ནི་ཆབ་སྲིད་ཀྱི་ལངས་གནས་བརྟན་ཅིང་། འཇོན་ནུས་ཆེ་བ། དངོས་གཉེར་གསར་གཏོད་ལ་མཁས་པ། གཡུལ་འགྱེད་ལས་རྒྱལ་ཁ་ལེན་ངེས་པའི་རུ་དཔུང་ཞིག་རེད། རྔ་བའི་གསར་འགྱུར་བྱ་བཞག་བདེ་ཐང་འཕེལ་རྒྱས་དང་སྤུས་སྤོར་འབྲས་འཕར་ཡོང་བའི་སྨོན་འདུན་ཞུ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་གསར་འགྱུར་ལས་སྒྲུབ་པ་རྣམ་པར་དུས་སྟོན་སྤྲོ་པོ་ཡོང་བ་དང་། ལས་དོན་གེགས་མེད་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། ནཱ་ཅི་ནཱ་ལུའུ།
ཀྲུང་གུང་རྔ་བ་ཁུལ་ཨུ།
རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས།
2026ལོའི་ཟླ་11ཚེས་8ཉིན།



