数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

ཁ་བའི་མེ་ཏོག

♦དཀའ་ཐུབ་བཀྲ་ཤིས། 【བོད་ལྗོངས་སློབ་ཆེན】

སུ་ཞིག་གིས་ཅི་ཞིག་འཚོལ་བའམ།

བཙལ་ཡང་མ་རྙེད་པར།

དུང་མདོག་གི་ཁ་བའི་འདབ་ལོ་རུ་སྤྲུལ་ནས།

ཟང་ཟིང་གི་འཇིག་རྟེན་འདི་ལ་མེ་ཏོག་གི་དོ་ཤལ་སྤྲས་དོན་ཅི།

སུ་ཞིག་གིས་ཅི་ཞིག་སྙེགས་པའམ།

སྙེགས་ཀྱང་མ་ཐོབ་པར།

དངུལ་མདོག་གི་ཁ་བའི་གོས་དཀར་ལ་སྤྲུལ་ནས།

བདག་མེད་ཀྱི་མི་ཡུལ་འདི་ལ་རབ་དཀར་གྱི་ན་བཟའ་བཀླུབས་དོན་ཅི།

བཙལ་ཡང་བཙལ་ལ།

སྙེགས་ཀྱང་སྙེགས་པའི།

ཡིད་འོང་གི་སེམས་འགྱུ་དྲོན་མོ་དག

ཁ་བའི་མེ་ཏོག་ལ་བཅོལ་ནས།

ལྷབ་ལྷུབ་ཡིད་དགའི་མདངས་ཀྱིས་ཁྱེད་ཀྱི་མཐོང་སྣང་དུ་བབས་ན།

གདུང་སེམས་ཀྱིས་བཟི་ལ་སྐྱོ་གདུང་གིས་མནར་བའི།

ཁོ་བོའི་ཡ་ཆུང་སྙིང་གི་ཞིང་ས་རུ་དགོས་འདོད་ཀྱི་སྦྲང་ཆར་ཟིམ་ཟིམ་དུ་འབབ་སྲིད།

ཁ་བའི་མེ་ཏོག་ཡ།

དུས་ཚིགས་ཀྱི་ཁུགས་སོ་འདི་ནས།

ངས་དབྱར་གྱི་མཛེས་སྡུག་མི་གླེང་ལ་སྟོན་གྱི་གསེར་མདོག་དེ་བས་ཀྱང་གླེང་མི་སྲིད།

ངས་ཁྱེད་ཀྱི་ཁུ་སིམ་མེར་བསྐྲུན་པའི་ལྷིང་འཇགས་ཀྱི་འཇིག་རྟེན་འདིའི་བདེ་བ་ལ་ཡིད་མགུ་བྱེད་བཞིན།

སྔར་བཞིན་འཚོལ་སྙེག་གི་ལམ་བུ་གསར་བ་རེ་གཏོད་སྲིད།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 ♦དཀའ་ཐུབ་བཀྲ་ཤིས། 【བོད་ལྗོངས་སློབ་ཆེན】 4 4 阿坝日报藏文 c230127.html 1 ཁ་བའི་མེ་ཏོག /enpproperty-->