དྲི་བ། ལས་འཁྱུར་ངལ་གསོའི་དུས་ཚོད་ནི་སྐྱེས་སྐར་གྱི་ཉིན་དེར་བརྩི་དགོས་སམ་ཡང་ན་ཟླ་བ་དེར་བརྩི་དགོས།
ལས་འཁྱུར་ངལ་གསོའི་དུས་ཚོད་ནི་སྐྱེས་སྐར་གྱི་ཟླ་བ་དེར་བརྩི་དགོས་སམ་ཡང་ན་སྐྱེས་སྐར་གྱི་ཉིན་དེར་བརྩི་དགོས་སམ། ཐོབ་ཐང་ལག་ཁྱེར་དང་ཡིག་ཚགས་ཐོག་གི་ཟླ་ཚེས་མ་མཐུན་ཚེ། སྤྱི་ཚོགས་འགན་བཅོལ་ཅུས་ཀྱིས་གང་ཞིག་ངོས་འཛིན་བྱེད་དམ་ཞེས་ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་མི་ཉུང་བ་ཞིག་ལ་འདྲི་གཞི་གང་མང་ཞིག་ཡོད་སྲིད། ཟླ་11ཚེས་1ཉིན། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་སྟངས་སྐོར་དེ་ཉེ་དུས་ཀྱི་སྲིད་ཇུས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་གསལ་བཤད་བྱས་འདུག
ཟླ་བ་དེ་ཚད་གཞིར་འཛིན་པ་ལས་སྐྱེས་སྐར་གྱི་ཉིན་མིན། དཔེར་ན། ཟླ་8པའི་ཚེས་15ཉིན་སྐྱེས་པའི་མི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་རྗེས། ལས་འཁྱུར་ངལ་གསོའི་དུས་ཚོད་ནི་ཟླ་8པ་ཡིན། རྒན་གསོའི་དངུལ་ཞིབ་བཤེར་གཏན་འབེབས་ལ་གྲོས་འཆམ་བྱུང་བའི་ལས་འཁྱུར་ངལ་གསོའི་དུས་ཚོད་ནས་ལེན་ཆོག
དྲི་བ། ཐོབ་ཐང་ལག་ཁྱེར་དང་ཡིག་ཚགས་སྟེང་གི་སྐྱེས་ཚེས་གཅིག་མཚུངས་མིན་ན།ཇི་ལྟར་བརྩི་དགོས་སམ།
གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་ལས་བཟོ་བའི་ཡིག་ཚགས་ཟུང་འབྲེལ་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས། དེ་གཉིས་གཅིག་མཐུན་མིན་ཚེ། རང་ཉིད་ཀྱི་ཡིག་ཚགས་ཐོག་ཐོག་མར་བཀོད་པའི་སྐྱེས་དུས་ཀྱི་དུས་ཚོད་ཚད་གཞིར་འཛིན་དགོས།
དྲི་བ། ཡིག་ཚགས་མེད་ན་ལས་འཁྱུར་ངལ་གསོ་བྱེད་ཐུབ་བམ།
གནས་ཚུལ་རིགས་གཉིས་སུ་དབྱེ་ཡོད། ས་གནས་དེར་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ལམ་ལུགས་ལག་བསྟར་བྱས་རྗེས་ལས་ཀར་ཞུགས་མཁན་གྱི་རྒན་གསོའི་འགན་བཅོལ་གྱི་ཁེ་དབང་དེ་གྲོན་དངུལ་འཇལ་བའི་ཟིན་ཐོ་དངོས་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་ཁོངས་གཏོགས་ནང་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་བའི་གྲངས་གཞི་ཡོད་པ་དང་ཁྲིམས་ཀྱི་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་པ་མ་ཟད་གྲོན་དངུལ་འཇལ་བའི་ལོ་ཚད་དམའ་ཤོས་དང་མཐུན་ཚེ། ཡིག་ཚགས་མེད་རུང་རྒན་གསོའི་དངུལ་ལེན་པར་ཤུགས་རྐྱེན་མི་ཐེབས། འོན་ཀྱང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ལམ་ལུགས་ལག་བསྟར་མ་བྱས་སྔོན་ལ་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་བསྟུད་མར་ལས་ཞུགས་ལོ་ཚད་ཡོད་པ་དང་། “གྲོན་དངུལ་འཇལ་བའི་ལོ་ཚད་ལ་བརྩི་བ”ངོས་འཛིན་བྱ་དགོས་ན། ངེས་པར་དུ་ཐོག་མའི་ཡིག་ཚགས་གཞི་འཛིན་དགོས།
དྲི་བ། ལས་འཁྱུར་ངལ་གསོ་བྱེད་པར་ངལ་རྩོལ་གན་རྒྱའམ་གླ་ཕོགས་ཀྱི་རྩིས་ཐོ་འཁྱེར་དགོས་སམ།
སྤྱིར་བཏང་དུ་བཀོལ་མི་དགོས།སྤྱིར་བཏང་དུ་རེ་ཞུའི་རེའུ་མིག་དང་།སྤྱི་ཚོགས་འགན་བཅོལ་བྱང་བུ།ཐོབ་ཐང་ལག་ཁྱེར།འདྲ་པར་བཅས་གྲ་སྒྲིག་བྱས་ན་ཆོག ས་གནས་སོ་སོའི་རེ་བ་ལ་ཁྱད་པར་ཅུང་ཙམ་ཡོད། མིག་སྔར“ལས་འཁྱུར་ངལ་གསོའི་གྲ་སྒྲིག་ཞབས་ཞུའི”དཔྱད་གཞི་མུ་མཐུད་སྟབས་བདེ་རུ་བཏང་ཡོད་མོད། འོན་ཀྱང་ཡིག་ཚགས་གཏན་འཁེལ་སོགས་དམིགས་བསལ་ལྷུ་ཚིགས་སུ་སྔར་བཞིན་ས་གནས་དེའི་བླང་བྱ་ལྟར་དཔྱད་གཞི་ཁ་གསབ་བྱེད་དགོས།
དྲི་བ། ལས་འཁྱུར་ངལ་གསོའི་སྔོན་གྱི་ཞབས་ཞུ་ཞེས་པ་ནི་ཅི་ཞིག་ཡིན། རྗེས་ཕྱོགས་ལས་འཁྱུར་ངལ་གསོ་བྱེད་སྐབས།ཐོབ་ཐང་ལག་ཁྱེར་གཅིག་གིས་ཆོག་གམ།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་འཁྱུར་ངལ་གསོ་བྱེད་ཉེར་ཡོད་པའི་མི་སྣར་དམིགས་ནས“ལས་འཁྱུར་ངལ་གསོའི་སྔོན་གྱི་ཞབས་ཞུ”དང“ ཐོབ་ཐང་ལག་ཁྱེར་ནི་འགྲོ་ལུགས་གཉེར་བའི་འཛུལ་སྒོ་ཡིན་པ་དང་རྒྱབ་སྟེགས་ཀྱི་གྲངས་གཞིར་བརྟེན་ནས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་མཉམ་སྤྱོད་བྱས་ཏེ་རེའུ་མིག་དང་ཤོག་བུའི་དཔང་ཡིག་འབྲི་རྒྱུ་ཉུང་དུ་གཏོང་བ་དང་། ཡིག་ཚགས་ཞིབ་བཤེར་གཏན་འབེབས་སོགས་རྙོག་འཛིང་ཆེ་བའི་གནས་ཚུལ་ཐད་སྔར་བཞིན་དཔྱད་གཞིའི་ཡིག་རིགས་ཁ་གསབ་བྱེད་སྲིད་པ་ལས་ཐོབ་ཐང་ལག་ཁྱེར་ཁོ་ནར་བརྟེན་ནས་ཚང་མ་སྒྲུབ་གཉེར་བྱེད་མི་ཐུབ།
དྲི་བ།དྲྭ་ཐོག་ནས་ལས་འཁྱུར་ངལ་གསོ་བྱས་ན་ཆོག་གམ། ཇི་ལྟར་སྒྲུབ་གཉེར་བྱེད་དགོས།
རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་མང་ཆེ་བས་དྲྭ་ཐོག་ནས་འགྲོ་ལུགས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ས་གནས་དེའི་སྤྱི་ཚོགས་ཀྱི་གཞུང་ཕྱོགས་དྲྭ་ཚིགས་ཐོག་ཞུགས་ནས“ལས་འཁྱུར་ངལ་གསོའི་བྱ་བ་གཅིག”འཚོལ་བཤེར་ཚན་པའི་འགན་བཅོལ་ནང་ཞུགས་སྐབས་ཚན་པས་དྲྭ་ཐོག་ནས་ཡིག་ཚགས་སྙན་སེང་ཞུ་རྒྱུ་དང་ཡིག་ཚགས་འབུལ་རྒྱུ། སྟབས་བསྟུན་ལས་ཞུགས་མི་སྣས་རང་མོས་ངང་དྲྭ་ཐོག་ནས་རེ་ཞུ་བྱེད་ཆོག
དྲི་བ། ལས་འཁྱུར་ངལ་གསོའི་ཟླ་བ་དེའི་རྒན་གསོའི་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་ད་དུང་སྤྲོད་དགོས་སམ།
མི་ཚོགས་རིགས་གཉིས་ཀྱི་ཚད་གཞི་མི་འདྲ་སྟེ།ཁེ་ལས་ཀྱི་ལས་བཟོ་པ་ལས་འཁྱུར་ངལ་གསོའི་ཟླ་བ་དེར་སྔར་བཞིན་ལས་གནས་སུ་ཡོད་པས་ལས་ཁུངས་ཀྱིས་ངེས་པར་དུ་རྒྱུན་གཏན་ལྟར་གྲོན་དངུལ་འཇལ་དགོས་པ་དང་། སྟབས་བསྟུན་ལས་ཞུགས་མི་སྣས་གྲོན་དངུལ་འཇལ་བའི་ལོ་ཚད་དམའ་ཤོས་ལ་སླེབས་རྗེས། ཟླ་དེའི་འགན་བཅོལ་གྲོན་དངུལ་རང་མོས་ངང་འཇལ་ཆོག་པ་དང་མུ་མཐུད་དུ་འཇལ་ཚེ་རྒན་གསོའི་དངུལ་མང་དུ་གཏོང་རྒྱུར་ཕན་པ་ཡོད།
དྲི་བ།རང་ཉིད་ཀྱི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ཇི་ལྟར་ཚོད་རྩིས་བྱེད་དགོས་སམ།
གློག་རྡུལ་སྤྱི་ཚོགས་འགན་བཅོལ་བྱང་བུ་ཡི་བྱ་རིམ་ཆུང་གྲས་ལས་ལས་འཁྱུར་ངལ་གསོའི་ལོ་ཚད་རྩིས་ཆས་སྤྱད་དེ་སྐྱེས་པའི་ལོ་ཟླ་དང་།ཕོ་མོ།ཐོབ་ཐང་བཅས་འདྲི་རྩད་བྱེད་ཆོག་12333དང་རྒྱལ་ཁབ་སྤྱི་ཚོགས་འགན་བཅོལ་སྤྱི་པའི་ཞབས་ཞུའི་ལས་སྟེགས་ལའང་ནུས་པ་དེ་ལྡན་ཡོད།
མི་ཤུགས་དང་སྤྱི་ཚོགས་སྡེ་ཁག་གིས་དྲན་སྐུལ།
ལས་འཁྱུར་ངལ་གསོའི་འགྲོ་ལུགས་ནང་ཡིག་ཚགས་ངོས་འཛིན་དང་གྲོན་དངུལ་ཞིབ་རྩིས་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད་པས་ལས་འཁྱུར་ངལ་གསོ་རྒྱག་ཉེར་ཡོད་པའི་མི་སྣས་ལོ་ཕྱེད་ནས་ལོ་གཅིག་གི་སྔོན་ལ་ཡིག་ཚགས་སྐྱེས་སྐར་ཞིབ་བསྡུར་དང་། ལས་འཁྱུར་ངལ་གསོའི་ལོ་ཚད་ཚོད་རྩིས། འགན་བཅོལ་ནང་ཞུགས་ཡུལ་གྱི་སྤྱི་ཚོགས་འགན་བཅོལ་སྡེ་ཚན་གྱི་དཔྱད་གཞིའི་བླང་བྱ་འདྲི་རྩད་བཅས་བྱས་ཏེ་སྔོན་ལ་ཞིབ་བསྡུར་བྱས་ནས་བདེ་བླག་ངང་སྒྲུབ་དགོས།
(ཡོངས་ཁུངས། ཁམས་པའི་གསར་འགྱུར་དྲ་བ།)



