数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:阿坝日报

སེམས་ནད་དང་སྙིང་ནད་གཉིས་མི་འདྲ་བ་ཁྱེད་ཀྱིས་ཤེས་སམ།

བོད་ཁུལ་དུ་མི་མང་པོ་ཞིག་གིས་སེམས་ནད་དང་སྙིང་ནད་གཉིས་ཀྱི་ཁྱད་པར་མི་ཤེས་པར། ནད་རྟགས་འདྲ་མིན་བྱུང་སྐབས་སྨན་པ་གང་ལ་བསྟེན་དགོས་མིན་ཐད་མགོ་རྨོངས་པའི་གནས་ཚུལ་མང་དུ་ཡོད། དེ་བས་ནད་གཉིས་ཀྱི་ཁྱད་པར་གསལ་པོར་ཤེས་རྟོགས་བྱེད་པ་ནི་བདེ་ཐང་སྲུང་སྐྱོབ་ཀྱི་གོམ་པ་དང་པོ་ཡིན།

ནད་རྟགས་ཀྱི་ཁྱད་པར།

སྙིང་ནད(心脏病)ཀྱི་ནད་རྟགས་གཙོ་བོ་ནི། སྙིང་འདར་བ། དབུགས་ལེན་དཀའ་བ། བྲང་ན་བ། སྙིང་འཕར་མི་སྙོམ་པ(心律失常)བཅས་ཡིན་ཞིང་། ལུས་རྩལ་བྱེད་སྐབས་སམ་སེམས་འཚབ་སྐབས་ནད་རྟགས་ཚབས་ཇེ་ཆེ་རུ་འགྲོ་བ་ཡིན། སྙིང་གློག་རླབས་རིས(心电图)དང་སྙིང་གི་ཚོན་ལྡན་འདས་སྒྲའི(心脏彩超)བརྟག་དཔྱད་ཀྱིས་ནད་གཞི་གསལ་པོར་ངོས་འཛིན་ཐུབ།

སེམས་ནད(心理疾病)ཀྱི་ནད་རྟགས་ནི། སེམས་ཁམས་མི་སྐྱིད་པ་དང་། ཁོང་འཚེར(焦虑)།ཡང་ན་དོགས་འཚེར(抑郁)། གཉིད་མི་ཁུག་པ། སེམས་འཚུབ(心慌)བཅས་ཡིན་ཞིང་། ལུས་པོའི་བརྟག་དཔྱད་ཐོག་ནས་རྒྱུན་ལྡན་ཡིན་ཡང་། ནད་པར་ན་ཚ་ཆེན་པོ་ཡོད་པའི་ཚོར་བ་ཡོད། འདི་ནི“ལུས་པོ་ན་བ་མིན་པར་སེམས་ཁམས་ན་བ”ཡིན།

བརྟག་བཅོས་ཀྱི་ཐབས་ལམ།

སྙིང་ནད་ཡིན་མིན་ཐོག་མར་སྙིང་ནད་ཚན་ཁག(心内科)ཏུ་བསྟེན་ནས་བརྟག་དཔྱད་བྱེད་དགོས། གལ་ཏེ་སྙིང་ནད་མིན་པར་གཏན་འཁེལ་བྱུང་རྗེས། སེམས་ཁམས་ཚན་ཁག(心理科)ཏུ་བསྟེན་ནས་སེམས་ཁམས་དཔྱད་དཔོག(心理评估)བྱེད་དགོས།

སེམས་ནད་ཀྱི་བཅོས་ཐབས་ལ་སེམས་ཁམས་སྨན་བཅོས(心理治疗)དང་། ཁོང་འཚེར་ཞི་སྨན།(抗焦虑药物)དོགས་འཚེར་གྱི་མགོ་གནོན་སྨན་རྫས(抗抑郁药物)བཅས་ཡོད། བསམ་གཏན་སྒོམ་སྦྱོང(冥想)དང་ལུས་སེམས་གསོ་བའི་བྱེད་སྒོ(放松活动)ཡིས་ཀྱང་ཕན་ཐོགས་ཆེན་པོ་ཡོད།

དྲན་སྐུལ།

སེམས་ནད་ནི“སྨྱོ་ནད”མིན་ལ། “སྙིང་སྟོབས་ཆུང་བ”ཡང་མིན། དེ་ནི་ནད་ཅིག་ཡིན་པས་སྨན་བཅོས་བྱེད་དགོས། ནད་རྟགས་བྱུང་སྐབས་སྨན་པར་བསྟེན་རྒྱུར་ངོ་ཚ་མི་བྱེད་པར། སྔ་མོ་ནས་བརྟག་དཔྱད་དང་བཅོས་ཐབས་བྱེད་པ་ནི་བདེ་ཐང་གི་གཞི་རྩ་ཡིན།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 4 4 阿坝日报藏文 c230133.html 1 སེམས་ནད་དང་སྙིང་ནད་གཉིས་མི་འདྲ་བ་ཁྱེད་ཀྱིས་ཤེས་སམ། /enpproperty-->