ཉེ་ཆར།ཝུན་ཁྲོན་རྫོང་ཀུན་དར་གྲོང་རྡལ་དུ་སྐབས་དང་པོའི་རི་མཐོའི་སྟོན་སྡུད་ཀྱི་དུས་སྟོན་སྤེལ་བ་དང་།ཁྱིམ་ཚང་སོ་སོས་ཁང་བའི་མདའ་གཡབ་ཏུ་དར་ཚོན་བཀལ་བ་དང་།སྒོ་རའི་ནང་དུ་སུར་པན་དང་།མ་རྨོས་ལོ་ཏོག ནན་ཀྭ་མཐོ་སྒང་གི་སིལ་ཏོག་སྐམ་པོ་བཅས་བཏིངས་ཡོད།ནགས་ཁྲ་དང་ཐག་རིང་གི་གངས་རི་བཅས་གཞི་གཅིག་ཏུ་འདྲེས་ནས་རི་གྲོང་གི“སྟོན་སྡུད”ཀྱི་རྣམ་པ་རི་མོ་བཞིན་ཡིད་དུ་འོང་བ་ཞིག་རེད།



