数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ཟུང་ཆུའི་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་བསལ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་སྔོན་རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་བརྟན་པོ་ཡོང་བར་ཁག་ཐེག་བྱ་ཆེད་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་འགོག་སྲུང་ནུས་ལྡན་ཡོང་ཆེད་དུ་ཟུང་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་ཐབས་ལམ་སྣ་ཚོགས་བཏོན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་བསལ།

ཅུས་ཀྱིས་ཆེད་དུ་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བཅོས་སྐྱོང་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། བདེ་འཇགས་ཐོན་སྐྱེད་དོ་དམ་ལས་དོན་གྱི་རེ་འདུན་བཏོན་ཏེ། མངའ་ཁོངས་ཀྱི་མངག་གཏོང་ཁང་སོ་སོར་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་བཅོས་སྐྱོང་ལས་དོན་ལག་ལེན་དོན་འཁྱོལ་ཡོང་བའི་རེ་འདུན་བཏོན། མི་དམངས་ཉེན་རྟོག་པས་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་དུ་འཁྱོལ་བ་བྱས་ཏེ་རིམ་པ་སོ་སོའི་རང་འཁྲིའི་ལས་འགན་ཕྲག་ཏུ་བླངས་ཤིང་། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་ཐམས་ཅད་སེལ་ཐབས་བྱས། གཟའ་འཁོར་རེའི་ཞིབ་བཤེར་གནས་ཚུལ་གོང་རིམ་ལ་སྙན་ཞུ་བྱ་བའི་ལམ་ལུགས་བཟོས་ཏེ། བརྡ་འཕྲིན་ཤར་གཏོང་ཡོང་བ་བྱས་ཏེ་རྫོང་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པར་རྒྱུས་ལོན་དང་ཐབས་ལམ་འདོན་པར་སྟབས་བདེ་བཟོས།

བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བཅོས་སྐྱོང་གི་འགོ་ཁྲིད་སོ་སོའི་འགན་འཁྲི་གསལ་བོར་བྱས་ཏེ་རང་འཁྲིའི་ལས་འགན་ལག་ལེན་དོན་འཁྱོལ་ཡོང་བ་བྱས་ཤིང་། འདྲི་རྩད་འགན་འཁྲིའི་ལམ་ལུགས་ཇེ་གསལ་དུ་བཏང་སྟེ་ཅུས་ཀྱི་འགོ་ཁྲིད་དག་དང་མངག་གཏོང་ཁང་གིས་མཉམ་དུ་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་བཅོས་སྐྱོང་གི་འབྲེལ་ཡོད་ལས་དོན་སྤེལ་བར་ཤུགས་བསྣན་ཏེ། སྒྲིག་བཤེར་ཨུའི་ལྟ་རྟོག་ཁང་གིས་རྫོང་ཡོངས་ཀྱི་སྤྱི་བདེའི་ལས་ཁུངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་སོ་སོར་ཕྱོགས་ཡོངས་ནས་ལྟ་རྟོག་ནན་མོ་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལས་ཀ་དོན་དུ་འཁྱོལ་བར་ཁག་ཐེག་ཡོང་བ་བྱས།

གཙོ་བོ་འབར་སླ་བའི་རིགས་དང་ཉེན་ཁ་ཅན་གྱི་དངོས་པོ་བསྡུ་ཉར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཉེན་ཁ་ཅན་གྱི་དངོས་པོ་བསྡུ་ཉར་དང་། དབོར་འདྲེན། བེད་སྤྱོད་གཏོང་བ་སོགས་ཀྱི་གོ་རིམ་སོ་སོར་དོ་དམ་བྱེད་ཚད་ཆེ་རུ་བཏང་། སྡེ་ཁག་སོ་སོས་ལས་དོན་གྱི་བཀོད་སྒྲིག་ལ་ཁ་ཕྱོགས་ཏེ་མགྱོགས་མྱུར་ངང་ཁ་ལག་ཡ་བྲལ་དུ་མ་སོང་བ་བྱས་ཏེ་རྫོང་ཡོངས་ཀྱི་ཉེན་ཁ་ཅན་གྱི་དངོས་པོའི་ཐོན་སྐྱེད་དང་། གཉེར་སྐྱོང་། བསྡུ་ཉར། ཐོན་སྐྱེད་བཟོ་གྲྭ། དབོར་འདྲེན་འཁོར་རིགས་ཀྱི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་རྙེད་པར་བཅོས་སྐྱོང་བྱས། ཉེན་ཁ་ཅན་གྱི་དངོས་པོ་བསྡུ་ཉར་གྱི་དོ་དམ་ལས་དོན་ཐོ་རུ་བཀོད་དེ་ཆེད་ལས་པས་རྫོང་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། སྣུམ་མཛོད། དྲོན་འདོན་ཀུང་སི་སོགས་ཀྱི་གནས་ཚུལ་སྔར་བས་དོ་དམ་ནན་མོ་བྱས་ཏེ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ།

ཉེན་རྟོག་པ་མང་པོ་དང་སྡེ་ཁག་མང་པོའི་མཉམ་འབྲེལ་གྱི་སྒོ་ནས་རིམ་པ་སོ་སོའི་ཞིབ་བཤེར་བཅོས་སྐྱོང་ལས་དོན་ལག་བསྟར་དོན་འཁྱོལ་ཡོང་བ་བྱས། སྡེ་ཁག་སོ་སོས་ཕན་ཚུན་མཐུན་པའི་ལག་རྡང་སྦྲེལ་ཏེ་བརྡ་འཕྲིན་མཉམ་སྤྱོད་དང་། ཞིབ་བཤེར་བཅོས་སྐྱོང་ལས་དོན་གྱི་ནུས་པ་མཐོ་རུ་བཏེགས། འགྲིམ་འགྲུལ་ཉེན་རྟོག་པས་འགོ་ཁྲིད་དེ་འགྲིམ་འགྲུལ་ཁྲིམས་འགལ་རིགས་སོ་སོར་ཞིབ་བཤེར་ནན་མོ་བྱས་པས་འགྲིམ་འགྲུལ་འགྲོ་འོང་གི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད། དེའི་ཞོར་དུ་བདེ་འཇགས་ལྟ་རྟོག་དང་། འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། འགྲིམ་འགྲུལ། ཁོར་སྲུང་སོགས་ཀྱི་སྡེ་ཁག་མཉམ་སྡེབས་ཀྱིས་ལས་ཁུངས་སོ་སོའི་ལྟ་རྟོག་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་མྱུར་དུ་བཅོས་ཤིང་། ཞིབ་བཤེར་བཅོས་སྐྱོང་དང་ཁེ་ལས་ཀྱི་བདེ་འཇགས་འགོག་སྲུང་འདུ་ཤེས་མཐོ་རུ་བཏེགས་ནས། ཁེ་ལས་ཀྱི་བདེ་འཇགས་འགོག་སྲུང་གི་ནུས་པ་མཐོ་རུ་བཏང་བར་མ་ཟད། མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་གི་བདེ་འཇགས་དང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད། གཉེར་སྐྱོང་གི་གོ་རིམ་བཅས་ལ་ཁག་ཐེག་བྱས་སོ།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50742.html 1 ཟུང་ཆུའི་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་བསལ། /enpproperty-->