数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

གྲངས་རིག་སློབ་ཁྲིད་ཁྲོད་ཀྱི་ཐབས་ལམ་ གསར་གཏོད་ཀྱི་གལ་ཆེན་རང་བཞིན།

གསར་གཏོད་ནི་སློབ་ཁྲིད་ཁྲོད་མེད་དུ་མི་རུང་བའི་རིག་པ་ཞིག་ཡིན།གྲངས་རིག་སློབ་ཁྲིད་ཁྲོད་རྟག་པར་ཐབས་ལམ་མང་པོ་བཀོལ་ནས་སློབ་ཁྲིད་བྱེད་དགོས། གསར་གཏོད་མེད་པའི་ཐབས་ལམ་གྱིས་སློབ་མའི་སློབ་སྦྱོང་གི་འདུན་པ་དང་རིག་པ་གསོ་སྐྱོང་མི་ནུས་པས། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་དང་རྣམ་འགྱུར། རིན་ཐང་ལྟ་བ་སོགས་སློབ་ཁྲིད་དམིགས་ཚད་དུ་སླེབས་མི་ཐུབ་པས། དགེ་རྒན་གྱིས་འཁྲིད་པ་དང་སློབ་མས་ལག་ལེན་དུ་བསྟར་བ་གཉིས་ནི་ཡ་བྲལ་དུ་འགྱུར་བའི་དུ་གནས་ཚུལ་ཡོང་བཞིན་ཡོད་པས། སློབ་ཆུང་གྲངས་རིག་སློབ་ཁང་སློབ་ཁྲིད་ཀྱི་གསར་གཏོད་སྐོར་རགས་ཙམ་གླེང་བར་བྱའོ།།

གཅིག གནས་ཚུལ་གསར་བསྐྲུན་བྱས་ཏེ་སློབ་མར་དོག་པ་སློང་པ་དང་འཚོལ་ཞིབ་ཀྱི་འདུན་པ་བསྐྱེད་དགོས།

སློབ་གསོ་རིག་པ་བ་ཁཱ་མེར་ཉི་སེ་ནས་སྤྲོ་སེམས་ནི་དགའ་སྤྲོ་དང་སྣང་དག་གི་སློབ་ཁྲིད་ཀྱི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་པའི་ཐབས་གཙོ་བོ་ཞིག་ཡིན་ཞེས་པ་ལྟར། གྲངས་རིག་གི་སྣོན་འཐེན་དགོད་བསྒྱུར་གང་འཁྲིད་པའི་སྐབས་སུ་ཡང་སློབ་མའི་སྤྲོ་སེམས་དེ་ཁྲིད་བྱའི་སྟེང་འདྲེན་ཐུབ་པས་སློབ་མར་དོག་འདྲི་ཡོད་ལ། དོག་འདྲི་ཡོད་པས་སློབ་མས་གནད་དོན་རྙེད་ཡོད་པ་མཚོན་པས། འཚོལ་ཞིབ་བྱེད་པར་སློབ་མས་དོག་པ་སློང་པའི་གནས་ཚུལ་གསར་བསྐྲུན་བྱེད་དགོས། གནད་དོན་ནི་གྲངས་རིག་གི་རིག་པ་འཚོལ་ཞིབ་བྱེད་པའི་འགོ་ཚུགས་ས་ཡིན། གནད་དོན་གཅིག་གདོན་རྒྱུ་ནི་གནད་དོན་གཅིག་ཐག་གཅོད་བྱེད་པ་ལས་རིང་དུ་འགོང་པས།གནད་དོན་གདོན་པ་དེ་ཧ་ཅང་གལ་ཆེན་ཡིན། དགེ་རྒན་རྣམས་རྟག་པར་སློབ་མའི་ཁྱད་མཚར་བའི་དྲི་བ་འདོན་པ་འཕྲད་ཀྱི་ཡོད་མོད། དགེ་རྒན་གྱིས་ཐད་ཀར་གསར་གཏོད་མེད་པའི་དྲིས་ལན་བརྗོད་སྟངས་དེས་སློབ་མའི་སེམས་ཀྱི་ཁྱད་མཚར་བའི་དོག་པ་དེ་ལས་སླ་མོ་ཅན་དང་སྟབས་བདེ་ཅན་དུ་བཏང་ཡོད་པས། སློབ་མར་དྲི་བ་གནད་དོན་གཅིག་ལ་བརྟེན་ནས་གནད་དོན་བརྒྱ་ཐག་གཅོད་བྱེད་པའི་ནུས་པ་འདོན་ཐུབ་མེད། དེ་ནི་དགེ་རྒན་གྱི་གསར་གཏོད་མེད་པའི་སློབ་ཁྲིད་ཀྱི་ཞན་ཆ་ཡིན་པས་སློབ་ཁང་སློབ་ཁྲིད་སྐབས་ཀྱི་གསར་གཏོད་ནི་གྲངས་རིག་སློབ་ཁྲིད་ཀྱི་སྲོག་ཤིང་དུ་གྱུར་ཡོད།

གཉིས། སློབ་མར་ལག་ལེན་གཙོ་བ་དང་དགེ་རྒན་གྱིས་ཁྲིད་པ་གཙོ་བོར་བྱས་ཏེ་ཕན་ནུས་ལྡན་པའི་འཚོལ་ཞིབ་བྱེད་དགོས།

དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་ཇི་ལྟར་བྱས་ན་ཁྲིད་བདེ་བ་དང་ཁྲིད་པ་མཛེས་པར་བསམ་བློ་གཏོང་མི་རུང་བར་མ་ཟད། གལ་ཏེ་རང་ཉིད་སློབ་མ་ཞིག་ཡིན་ན་མྱོང་ཚོར་ཅི་ལྟ་བུ་ཞིག་ཡོད་པ་དང་གནད་དོན་ཅི་ལྟ་བུ་ཞིག་གདོན་སྲིད་པ། རོགས་རམ་གང་ཞིག་བྱེད་དགོས་མིན་ཐད་བསམ་བློ་གཏོང་འོས། སློབ་ཁྲིད་ཀྱི་བརྒྱུད་རིམ་ཡོངས་སུ་དགེ་རྒན་ནི་འཁྲབ་སྟོན་པ་ཡིན་སྙམ་པའི་སློབ་ཁྲིད་མང་པོ་ཞིག་གིས་སློབ་མ་མང་པོ་ཞིག་གི་རིག་པར་སྒུལ་བསྐྱོད་གཏོང་ཐབས་བྲལ་བས། སློབ་ཁྲིད་དེ་དག་ནི་ཆེས་མཐའ་མཇུག་གི་ཕམ་ཁ་ཅན་དུ་གྱུར་ཡོད། མི་སྔའི་གྲངས་རིག་གི་ཐོབ་གྲངས་གཅིག་པུ་ཐག་གཅོད་བྱེད་པར་དེང་རབས་ཚན་རྩལ་གྱི་ལག་རྩལ་གྱིས་ཐག་གཅོད་བྱེད་འོས་པས། གྲངས་རིག་པའི་རིག་པ་གསོ་སྐྱོང་བྱེད་མི་དགོས་ན་གྲངས་རིག་པའི་སློབ་ཁྲིད་ལ་དོས་པ་གཞན་མེད་པས། སློབ་མའི་གྲངས་རྩིས་ཀྱི་རིག་པ་སྐྱོང་བར་སློབ་མར་ལག་ལེན་གཙོ་བ་དང་དགེ་རྒན་གྱིས་སྣེ་ཁྲིད་བྱེད་པ་གཙོ་བོར་བྱས་ཏེ་ཕན་ནུས་ལྡན་པའི་འཚོལ་ཞིབ་བྱེད་པ་ནི་སློབ་ཁང་སློབ་ཁྲིད་སྐབས་ཀྱི་དགེ་རྒན་གྱི་གཞི་རྩའི་གནད་དོན་ཞིག་ཏུ་གྱུར་འདུག

གསུམ། ཕྱོགས་བསྡུས་བྱེད་པའི་ཐབས་ཀྱིས་བསླབས་པ་བཀོལ་ཏེ་བསླབ་ཕྱི་རུ་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་དགོས།

གྲངས་རིག་གི་བསླབ་ཚན་ནི་སློབ་མས་གནད་དོན་ཁྱེར་ནས་སློབ་ཁང་དུ་བསྐྱོད་པ་དང་སློབ་ཁྲིད་དུ་གནད་དོན་ཐག་གཅོད་བྱས་རྗེས ། སླར་ཡང་གནད་དོན་ཁྱེར་ནས་སློབ་ཁང་ནས་ཐོན་དགོས་པ་ཡིན་པས། སློབ་ཁྲིད་བྱེད་སྟངས་འདིས་སློབ་ཁང་སློབ་ཁྲིད་ཀྱི་ནང་དོན་ལ་བསླབ་ཕྱིའི་དུས་ཚོད་ནང་མུ་མཐུད་དུ་འཚོལ་ཞིབ་བྱེད་དུ་བཅུག་ཡོད་མོད། དེའི་རྩ་བའི་སྒུལ་ཤུགས་དང་སྔོན་འགྲོའི་ཆ་རྐྱེན་ནི་སློབ་ཁང་སློབ་ཁྲིད་སྐབས་ཀྱི་གསར་གཏོད་ལ་རག་ལས་ཡོད་པས། གྲངས་རིག་སློབ་ཁྲིད་ཁྲོད་སློབ་མའི་དོག་པ་སློང་པར་དགེ་རྒན་གྱིས་དོག་གཞི་འདྲ་མིན་མང་པོ་ཡོང་སའི་གནས་བབ་གསར་བསྐྲུན་བྱེད་དགོས་ལ། སྤྱི་བསྡོམས་བྱེད་པའི་ཐབས་བཀོལ་དེ་སློབ་མར་ཁྲིད་ཟིན་པ་དང་སློབ་མས་སྦྱངས་པའི་ཤེས་བྱ་དེ་བཀོལ་སྤྱོད་བྱེད་དུ་བཅུག་ནས། སློབ་མའི་བསླབ་ཕྱིའི་འཚོལ་ཞིབ་ལ་སྐུལ་འདེད་གཏོང་དགོས། སློབ་མར་སློབ་ཁང་དང་དེ་མིན་འཚོ་བའི་ཁྲོད། མ་འོངས་པ་སོགས་སུ་རང་འགུལ་གྱིས་འཚོལ་ཞིབ་དང་གསར་གཏོད་བྱེད་དུ་འཇུག་པ་དང་། རང་ཉིད་ཀྱི་བློ་གྲོས་བཀོལ་དེ་གནད་དོན་ཐག་གཅོད་དུ་འཇུག་པར་སྐུལ་འདེད་གཏོང་དགོས།།

གཡང་པེ། (ཧུང་ཡོན་རྫོང་ཨ་མོའུ་སློབ་ཆུང་།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-06-22 4 4 阿坝日报藏文 c59753.html 1 གྲངས་རིག་སློབ་ཁྲིད་ཁྲོད་ཀྱི་ཐབས་ལམ་ གསར་གཏོད་ཀྱི་གལ་ཆེན་རང་བཞིན། /enpproperty-->