数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སྐྱེས་སྐར།

དེ་རིང་ནི་བདག་གི་སྐྱེས་སྐར་ཡིན་ཟེར།

སྨོན་ཚིག་མེད་ལ་ཁ་གཡང་མེད།

རྒུན་ཆང་མེད་ལ་སྤྲི་གོར་མེད།

གྲོགས་པོ་མེད་ལ་ཆུང་འདྲིས་ཀྱང་མེད།

ཡིན་ནའང་།

སྙན་ངག་དང་མཚན་མོ་ཡོད།

ད་དུང་། ཐ་མག་རྐང་ཅིག་སྒྲོན་ཏེ།

ངས་ཁེར་རྐྱང་གི་མུན་པ་དེ་གསལ་ཐབས་བྱས།

རོལ་དབྱངས་ཀྱི་དབུགས་རྩ་འགག་སོང་།

དགུན་དུས་ཀྱི་ཁ་བ་ཞུས་འདུག

གྲང་ཤུར་ཤུར་གྱི་ཡུལ་དང་།

འཁྱགས་སིབ་སིབ་ཀྱི་མཚན་མོ།

དྭངས་གཙང་གི་བརྩེ་བ།

ཁྱེད་ཀྱིས་གནང་བའི་ལེགས་སྐྱེས་ཡིན།

འཇིག་རྟེན་དུ་ལྟེ་ཁྲག་འཕོས་ཏེ།

རང་ཉིད་རང་གིས་ཤེས་པ་ནས་བཟུང་།

ངས་འཆི་བ་ལ་བསམ་གཞིགས་དང་།

སྟ་གོན་ཡང་ཡང་བྱས།

འདི་ནི་ནར་སོན་གྱི་བརྒྱུད་རིམ་དང་སང་ཉིན་གྱི་གདམ་གའོ།།

ཁྲ་ཆིལ་ཆིལ་དུ་འཛུམ་པའི་སྐར་ཚོགས།

སྦྲ་རོག་རོག་གི་རུ་སྡེ་ཕྲ་མོ།

དབེན་ཐིང་ཐིང་གི་རི་ལུང་ཐང་གསུམ།

དྲོད་ལམ་ལམ་གྱི་ཕ་ས་ཕ་ཡུལ།

འདི་དག་ནི་ང་ལ་ཆེས་བློ་དཀར་བའི་སྐུ་མགྲོན་དང་།

ངའི་འཇིག་རྟེན་གྱི་དྲོད་ཁོལ་ཡིན།

ཁེར་རྐྱང་གི་ཚེ་སྲོག

ན་ཟུག་གི་ལང་ཚོ།

མུན་ནག་གི་འཚོ་བ།

རབ་རིབ་ཀྱི་འབྱུང་འགྱུར།

ནག་ནོག་གི་མྱི་སེམས།

ངའི་འཇིག་རྟེན་གྱི་སྤྲི་གོར་ངོས་སུ་ལྷུག་པོར་བཞད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-08-14 རླུང་གཤོག (ལི་ཐང་།) 4 4 阿坝日报藏文 c63276.html 1 སྐྱེས་སྐར། /enpproperty-->