数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སྙན་ཚིག་ཁག་གཉིས།

དུང་བ་འདི་མ་ལྷོད་ན།

དུས་ཚོད་ཀྱི་འཁོར་འགྲོས་ཁྲོད་འགྲིབ་ལ་ཉེ།

འཚོ་བའི་ཁ་དོག་གསལ་ལ་མི་གསལ་བའི་ངང་ནས།

ངས་ཚོད་སྒམ་གྱི་ཁྲོད་ནས་བྱ་བ་གང་མང་བསྒྲུབ།

སྐབས་རེར།ངས་ཁྱེད་ཀྱི་འཚོ་བའི་ཁ་དོག་ཅི་འདྲ་ཞིག་ཡིན་རྟོགས་མེད་པ་འདྲ།

མང་པོ་མང་པོ་ཞིག་ལ་བསམ་བློ་བཏང་ཚེ།

ང་ནི་དངོས་གནས་ཁྱོད་ཀྱི་བྲང་གཞུང་དང་བྲལ་འདོད་མེད།

ཡིན་ན་ཡང་།གནར་གཅོད་ཀྱི་དུས་ཚོད་དྲན་ཐེངས་རེར།

སྲོག་གི་འཕར་རྩ་ཆེར་ལྡང་གི་འདུག

སུ་ལ་ཡང་ལེ་བདའ་བྱེད་ཐབས་བྲལ།

ཁྱོད་ཀྱི་འཚོ་བའི་རྣམ་ཤེས་དེ་ལ།

བདག་གི་འཚོ་བའི་ཁ་དོག་འཐིམས་བཞིན་ཡོད།

ཕྱོགས་ཡོངས་ཀྱི་སྐད་ཆ་དག་ལ།

ངས་ཡིད་ཆེས་དེ་འདྲ་ཟབ་མོ་བྱེད་འདོད་མེད།

བྲེལ་འཚུབ་ཀྱི་ངང་ནས་ཤ་ཁྲག་རུས་གསེང་ལ་བརྩེ་བ་དམར་པོ་ཞིག་ཆགས་འདུག

གལ་སྲིད།དུས་ཚོད་འདིས་ར་སྤྲོད་བྱེད་ཐུབ་ན།

འཇིག་རྟེན་འདི་དང་བྲལ་བའི་བར་དུ་ཁྱོད་འགྲམ་ནས་འདུག་འདོད།

སེམས་ཁམས།

རླུང་བུ་ནི་འུར་འུར་དུ་ལྡང་གིན་འདུག

ཤོག་ལེ་རེ་རེའི་སྒྲ་གྲགས་དུས།ང་ལ་སྐྲག་སྣང་ཞིག་མཆིས།

སྒོ་དང་སྒེའུ་ཁུང་དག་གཏད་དེ་རང་ཉིད་གཅིག་པུར་བསྡད།

འདི་ནི་ཅི་འདྲའི་བརྗོད་ཀྱིས་མི་ལང་བའི་ན་ཟུག་ཅིག་རེད།

རླུང་བུ་ལགས།

ཁྱོད་ནི་གནམ་གཤིས་དྲོ་གྲང་གི་ཁྲོད་དུ་འདུག་ལ།

ནད་གཞི་ཀུན་གྱི་ཁམས་ན་ཡང་འདུག

ཅི་འདྲིའི་གདུག་རྩུབ་ཆེ་བ་ཞིག་རེད།

ཕྱི་རོལ་གྱི་རླུང་ཁ་ན་ཟུར་ཟའི་སྐད་ཆ་ཧ་ཅང་མོད།

ངས་དེ་དག་མཐོང་ཆེན་དང་ཁ་ཡ་བྱེད་འདོད་མེད།

ཡིན་ན་ཡང་།

ཙག་རླུང་གིས་བཅོམ་པའི་བདག་གི་སེམས་ཁམས།

ནམ་ཡིན་ཡང་གླང་རྒན་བཞིན་བསྒྱུར་ཐབས་བྲལ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-08-14 གཡུ་སྔོན་མོ། 4 4 阿坝日报藏文 c63277.html 1 སྙན་ཚིག་ཁག་གཉིས། /enpproperty-->