数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

དགེ་ རྒན་ ལ་ ཕུལ་ བ་།

འཆར་ཀའི་ཉི་ཟེར་ཀྱི་མདངས་ལས་གསལ་བའི་དགེ་རྒན་དག་ནི། དམར་ལམ་ལམ་གྱིས་མཆེད་པའི་མེ་ལྕེ་ལག་པ་ཡིན། སེམས་པར་འདྲེས་པའི་རྨོངས་མུན་དག་འཇོམས་བྱེད་ཀྱི་གཉེན་པོ་ཡིན། ཁོ་ཚོ་ནམ་ཡང་ཤེས་བླུན་བར་གྱི་གཡུལ་ས་རུ་ཆས་པའི་དམག་མི་དང་། ཡང་ན་ལོ་རྒྱུས་ཀྱི་གས་སྲུབས་བར་གྱི་བརྗིད་ཆེ་བའི་གནའ་བོའི་གྱད་མི་ཡིན། ཁོ་ཚོས་རང་ཉིད་ནི་མི་རིགས་དང་རིག་གཞུང་ལྷག་བསམ། གཞན་ཕན་ཞབས་འདེགས་སོགས་ཀྱི་མིང་འདི་དག་གིས་ཆེད་དུ། སྔོན་ནས་མེད་གྲབས་བྱས་ཡོད། ང་ཚོས་ཀྱང་ཡིད་སྨོན་བྱེད་དགོས་ས་དེ་ཕྱུག་པོ་མ་རེད། བཙན་པོ་དང་མཛེས་པོ་གང་ཡང་མ་རེད། ང་ཚོས་སྨོན་ས་ནི་མི་རིགས་ཆེད་དུ་ལང་ཚོའི་སྙེ་མ་ཟད་ལ་སྐད་ཡིག་གི་དོན་དུ་ཁྲག་དམར་བཞུར་གྱིན་པའི་དགེ་རྒན་དག་རེད། དབྱངས་གསལ་གྱི་གོ་རིམ་མ་ནོར་ལ་རིགས་ཞེན་གྱི་སྲོག་རྩ་མ་ཆད་པའི་དགེ་རྒན་དག་རེད། ཤ་ཁྲག་གི་འབྲེལ་བ་མེད་ཀྱང་ཕུགས་འདུན་གྱི་རྒྱུ་ཕྱོགས་གཅིག་པའི་དགེ་རྒན་དག་རེད། དགེ་རྒན་དགེ་རྒན།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-12-11 འབར་མེ། 【མགོ་ལོག】 4 4 阿坝日报藏文 c71736.html 1 དགེ་ རྒན་ ལ་ ཕུལ་ བ་། /enpproperty-->