数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

པར་ རིས་གསར་འགྱུར།

ཤིང་སྡོང་ནད་འབུའི་གནོད་འཚེ་མི་ཐེབས་པའི་ཆེད་དང་ཤིང་སྡོང་གི་ཐོན་ཚད་དང་སྤུས་ཚད་སྔར་བས་ལེགས་ཆེད། ཉེ་ཆར། གཟི་རྩ་སྡེ་དགུ་རྫོང་གི་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ལས་ཅུས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་སྦྲེལ་ནས། ཐབས་ལམ་མང་པོ་དང་རྣམ་པ་མང་པོ་བརྒྱུད་ནས་དགུན་དུས་ཀྱི་ཤིང་སྡོང་གི་དོ་དམ་ལག་རྩལ་གྱི་གསོ་སྦྱོང་སྤེལ།

གཟི་རྩ་སྡེ་དགུ་རྫོང་གི་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ལས་ཅུས་ཀྱིས་གང་ཞིག་མཁོ་ན་དེ་གསོ་སྦྱོང་བྱེད་པ་དང་། མང་ཚོགས་ལ་གང་ཞིག་གིས་མི་འདང་ན་དེ་གསབ་པའི་རྩ་དོན་གཞིར་བཟུང་ཞིང་། པའེ་ཧོ་ཡུལ་ཚོ་དང་པའོ་ཧྭ་ཡུལ་ཚོ་ལ་མུ་ཟི་སྦྱོར་རྫས་ཁུག་མ་12000དང་རྡོ་ཐལ་ཏུན་26སྤྲད་པར་མ་ཟད། དེ་དང་འབྲེལ་བའི་ཡུལ་ཚོ་རུ་གྲོང་མི་ལས་བྱེད་པ་དང་ཤིང་འབྲས་འདེབས་མཁན་མི་ཐེངས་100ལྷག་ལ་གསོ་སྦྱོང་བྱས། གསོ་སྦྱོང་གི་ཡུལ་དངོས་སུ་མཁས་པ་ཚོས་རྒྱུན་སྤྱོད་ཞིང་སྨན་སྤྱོད་སྟངས་དང་དེ་བཞིན་ཐོན་སྐྱེད་བྱེད་སྐབས་སྤྱོད་པའི་གཙོ་གནད་འགྲེལ་བཤད་ཞིབ་ཕྲ་བྱས།

ཐེངས་འདིའི་བྱེད་སྒོ་རུ་ཞིང་བ་ཚོས་ནན་ཏན་གྱིས་འགྲེལ་བཤད་ལ་ཉན་པ་དང་ཡུལ་དངོས་སུ་མཁས་པ་ཚོར་དྲི་བ་བཏོན། མཁས་པ་ཚོས་དཔེ་སྟོན་དང་ཡུལ་དངོས་ནས་མང་ཚོགས་ཀྱི་དོགས་པ་བསལ་ནས་གསོ་སྦྱོང་གི་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱས་པ་དང་། དོ་དམ་བྱེད་ཤེས་པའི་ཤིང་སྡོང་གི་ལག་རྩལ་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་ཕྱི་ལོར་གཟི་རྩ་སྡེ་དགུ་རྫོང་གི་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བཏིང་ངོ་།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 4 4 阿坝日报藏文 c99093.html 1 པར་ རིས་གསར་འགྱུར། /enpproperty-->