数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ནག་ མོ།

♦རྔ་འོད། 【རྔ་བ】

འཁོར་བའི་ཉིན་སྲིབ་ཏུ།

འོད་སྣང་གི་ལམ་བུ་མེད་ཀྱང་།

འུར་ཟིང་དུ་ཉུལ་བའི་ནག་མོ་ཞིག་གི་ལས་དབང་།

ཡིག་འབྲུ་ཆ་ཤས་ཀྱི་གསང་དུ་ཉར་ག་ལ་ཐུབ།

ཉི་ཟླའི་བར་སྣང་དུ་།

དུས་ཚོད་ཀྱི་ཐིགས་པ་ཟགས།

སེམས་ཁྲལ་གྱིས་སྒྲོན་མེ་སྦར་བའི་ནག་མོ།

ཚེ་རབས་དུ་མས་འཚོལ་བའི་བརྗོད་སྙིང་ཡིན།

ཐོ་རེངས་སྐར་ཆེན་གྱི་མིག་ཟུང་ནང་།

སྐྱེས་པ་སུ་ཞིག་གི་གཏམ་རྒྱུད་ཀྱི་རི་མོ་བྲིས་ཡོད།

བྱ་གླག་གི་གཤོག་པ་ལྟ་བུའི་སྨིན་མའི་དཀྱིལ།

སྐྱེས་པ་སུ་ཞིག་དྲན་པ་སྦ་གསང་བྱས།

སེམས་ཀྱི་འཇིག་རྟེན་དུ་འཚོ་བའི་ནག་མོ།

སྐྱེས་པ་ཞིག་གི་མི་ཚེ་ཡི་རོལ་དབྱངས་ཡིན།

ཁྱིམ་གྱི་གཡང་རྟེན་དུ་འཁྱིལ་བའི་ནག་མོ།

བུ་ཕྲུག་ཅིག་གི་ཚེ་སྲོག་གི་སྐྱབས་མགོན་ཡིན།

སྡུག་བསྔལ་གྱི་སྤྲིན་ནག་གིས་འོད་ཟེར་སྒྲིབ་ཀྱང་།

སུན་སྣང་དང་ངལ་དུབ་མེད་པའི་ནམ་མཁར།

འབད་བརྩོན་གྱི་མཚོ་མོ་བསྐྱིལ་བཞིན།

སང་ཉིན་གྱི་འོད་སྣང་ལ་སྙེགས་འགྲོ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 ♦རྔ་འོད། 【རྔ་བ】 4 4 阿坝日报藏文 c106727.html 1 ནག་ མོ། /enpproperty-->