数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

དཔྱིད་ཀྱི་དྲན་པ།

♦རོལ་སྐུད། 【རྔ་བ】

འཇམ་བསིལ་བསིལ་གྱི་བྱབས་ཁྲུས།

སྣུམ་ཤིག་ཤིག་གི་ལྗང་པ།

དྲན་ཚོར་གྱི་སླེ་བོར་མི་ཆུན་པའི་མྱུ་གུ་ཕྲ་མོ། འོད་དང་འོད་ཟེར་བྱེ་བའི་འཛུམ་ཀོང་གི་མཚོ་རུ་བཞད་པའི་གཏམ་དེ་བདེན་སྲིད་ན། ངའི་སྒོ་དང་གྱང་རའི་བར་གསེང་ན་ཇི་ལྟར་འཚར།

ཁ་སང་།འཇིག་རྟེན་གྱི་ས་གཞི་དང་རི་བོ། སྐྱ་མདོག་གི་ཞིང་འོར་སྐམ་པོ་ཞིག་སྟེ། མཉེན་གཤིས་བྲལ་བའི་སྡོང་ལོའི་ཡལ་ག་འཛང་བཞིན། རློན་ཐོད་ཐོད་ཀྱི་བདུད་རྩིའི་ཟིལ་བ་རྒུམ་པར་བསྒུག

དེ་ལྟ་ནའང་། ཆོས་ཉིད་ཅིག རྟེན་འབྲེལ་ཞིག ངང་ཚུལ་ལམ།

ཁ་རོག་གེར་སེམས་ཀྱི་ཕྱི་ནང་ལ་འཐུབ་པའི་རབ་རིབ་གྱི་དྲན་པ་དེ། སྤྲིན་དཀར་གྱི་འགྱུ་བག་དང་གཤིས་མཚུངས་ལ། ཅི་ཞིག་ལ་གསང་ཉན་བྱེད་པ་ལྟར། དལ་ཅག་གེར། ལྗིད་ཏིག་གེར། རང་སེམས་བཅོས་ཏེ་ཉིན་མཚན་ལ་དབྱེ་བ་འབྱེད་མ་ཐུབ་པ་དྲན།

དཔྱིད་ཀྱི་དྲན་པ།ཁྱོད་རང་རི་བོའི་ཕྲག་ཀ་དང་། གཙང་བོའི་གཞུང་རྒྱུན།གྲོག་རོང་གི་འགག་ཏུ་དལ་གྱིས་འཁོར་བས། སྣང་བ་ཞིག་ལ། ཧྲེང་བུའི་འཚོ་བ་དར་ཁ་ཞིག་པའི་མཚོ་རླུང་གི་རྒྱུ་ཕྱོགས་དང་འདྲེས་ཏེ།འབྲི་མི་ཤེས་པའི་ཡིག་འབྲུ་དེ་དག་གི་ཆེད་དུ་སྨྲ་བ་བསྐྱུང་བ་འདྲ་ཨང་།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2026-06-30 ♦རོལ་སྐུད། 【རྔ་བ】 4 4 阿坝日报藏文 c226862.html 1 དཔྱིད་ཀྱི་དྲན་པ། /enpproperty-->