数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:阿坝日报(藏文数字报2026.11.13)

ཅའོ་དབྱང་གིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཁག་གི་2026ལོའི་སློབ་སྦྱོང་གྲོས་ཚོགས་ཐེངས་5པའི་གཙོ་འགན་བཞེས་ནས་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་11ཚེས་6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཅའོ་དབྱང་གིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཁག་གི་2026ལོའི་སློབ་སྦྱོང་གྲོས་ཚོགས་ཐེངས་5པའི་གཙོ་འགན་བཞེས་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་སྐོར་གྱི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་། ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་། ཁུལ་ཨུའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཤིང་། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་མི་རིགས་ཆོས་ལུགས་ཀྱི་གནད་དོན་བལྟ་བ་རྒྱུན་འཁྱོངས་བྱས་ནས། མི་རིགས་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འགན་འཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། མུ་མཐུད་དུ་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་། ཆོས་ལུགས་ཞི་མཐུན་ཡར་སྐུལ་གྱིས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྔ་བའི་མིག་དཔེ་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཅའོ་དབྱང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་བརྟན་པོར་བཏང་ནས། ཏང་གི་མི་རིགས་གཞུང་ལུགས་དང་ཆོས་ལུགས་སྲིད་ཇུས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་ངེས་སྦྱོང་གི་སློབ་ཐུན་དུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་སྐོར་གྱི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་རྙེད་པར་བྱས་ནས། རང་རྟོགས་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཨུ། ཁུལ་ཨུའི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་རིགས་ཆོས་ལུགས་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བསྙེག་ནས་འགྲོ་བར་ཁག་ཐེག་བྱ་དགོས། མཐུན་སྒྲིལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་རོང་འབྲོག་ལས་དང་། ནུས་ཁུངས་གཙང་མ། སྐྱེ་ཁམས་རིག་ཡུལ་སོགས་ལེགས་ཆའི་ཐོན་ལས་ཆེ་སྒྲུབ་སྟོབས་སྒྲུབ་བྱེད་པ་དང་། མགྱོགས་མྱུར་དུ་ལྗང་མདོག་རྩིས་ནུས་དང་། དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོནལས་གསོ་སྐྱོང་བྱས་ཤིང་། མུ་མཐུད་དུ་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་དངོས་དོན་དམ་པོར་བཟུང་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་དགོས།

ལས་གནས་སུ་ཡོད་པའི་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་སུ་ཞུགས་སོ།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 4 4 阿坝日报藏文 c230117.html 1 ཅའོ་དབྱང་གིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཁག་གི་2026ལོའི་སློབ་སྦྱོང་གྲོས་ཚོགས་ཐེངས་5པའི་གཙོ་འགན་བཞེས་ནས་འཚོགས། /enpproperty-->