ངེད་གསར་འགྱུར་གྱི་གསར་བཀོད། ཟླ་11ཚེས་6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཅའོ་དབྱང་གིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་2026ལོའི་གྲོས་ཚོགས་ཐེངས་10པའི་གཙོ་འགན་བཞེས་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས།
གྲོས་ཚོགས་སུ་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་དེང་ཕྱིན་ཆད་ཀྱི་དུས་སྐབས་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཚད་གཞི་སྔར་བས་མཐོན་པོ་དང་བྱེད་ཐབས་སྔར་བས་ནན་མོར་བརྟེན་ཏེ། ལོ་རྗེས་མའི་དམིགས་འབེན་ལས་འགན་དང་། གཙོ་གནད་ལས་དོན། གཙོ་གནད་རྣམ་གྲངས་བཅས་སྔ་མོ་ནས་ལག་ལེན་དུ་བསྟར་བ་དང་གཅིག་གྱུར་འཆར་འགོད་བྱས་ཏེ། སང་ལོའི་དུས་ཚིགས་དང་པོའི་ལས་ཀའི་མགོ་ཡག་པོ་བརྩམ་པར་གྲ་སྒྲིག་གང་ལེགས་བྱ་དགོས།
གྲོས་ཚོགས་སུ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཁུལ་ཨུས“གསར་བརྗེའི་གནས་ཤུལ་བཀོལ་སྤྱོད་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། གསར་བརྗེའི་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། མགྱོགས་མྱུར་དུ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང(རྔ་བའི་དུམ་བུ)འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས།
ལས་གནས་སུ་ཡོད་པའི་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་གྲོས་ཚོགས་སུ་ཞུགས།



