ངེད་གསར་འགྱུར་གྱི་གསར་བཀོད། ཟླ་11ཚེས་12ཉིན།ཁུལ་ཨུའི་ཧྲུའུ་ཅི་ཏའེ་ཏེ་ཅུན་ལིས་རྫོང་དུ་ཕེབས་ཏེ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་མཛད།ཁོང་གིས་ནན་གྱིས་བསྟན་དོན།ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་བླང་བྱ་ཀུན་ནས་དོན་འཁྱོལ་དང་།འཕེལ་རྒྱས་དང་བདེ་འཇགས་ལེགས་པར་གཅིག་འདོམས་བྱེད་པ།ཟུར་ངོས་ཟུང་འཇུག་རྒྱུན་འཁྱོངས་དང་ཚན་རིག་ལྟར་བཀོད་གཏོང་ཚོད་འཛིན་བྱེད་པ།ཤར་གཏོང་ནུས་པ་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ་དང་འགྲིམ་འགྲུལ་འགྲོ་འོང་དེ་འཕེལ་རྒྱས་འཕར་ཚད་དུ་བསྒྱུར་བར་སྐུལ་མ་གཏོང་བ།འགྲིམ་འགྲུལ་མཛུབ་སྟོན་རང་བཞིན་གྱི་ཐོད་བརྒལ་ལ་བརྟེན་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་རོགས་འདེགས་དང་སྣེ་ཁྲིད་བྱེད་དགོས།
ལིས་རྫོང་སྤྱི་བདེ་ཅུས་ནས་ཏའེ་ཏེ་ཅུན་གྱིས་གཞི་རིམ་གྱི་ལས་རེས་ལས་སྲུང་གི་མི་སྣར་མཛའ་བརྩེ་ལྡན་པའི་ངང་འཚམས་འདྲི་མཛད་ཅིང་།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གཏིང་ཟབ་མོར་དྲིལ་སྒྲོག་དང་སྒྲོག་འགྲེལ་གནང་།བཀོད་འདོམས་སྟེགས་བུར་བརྟེན་ནས་ལིས་བཙན་གཞུང་ལམ་སོགས་གཙོ་གནད་ལམ་རྒྱུད་ཀྱི་ཡུལ་དངོས་ཀྱི་ལས་འཛིན་སྟོབས་ཤུགས་ལ་བཀོད་གཏོང་མཛད་ཅིང་།གཞུང་ལམ་འགྲིམ་འགྲུལ་བཀག་སེལ་ཤར་གཏོང་དང་སྤྱི་ཚོགས་ངོས་ཀྱི་གཙོ་གནད་མཚམས་གནས་ཀྱི་འགོག་ཟོན་དང་བདེ་འཇགས་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད།
ཏའེ་ཏེ་ཅུན་གྱིས་ནན་གྱིས་བསྟན་དོན།ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་བརྟན་པོར་འཆང་བ་དང་ལག་ཏུ་བསྟར་དགོས།གནད་དོན་བྱེ་བྲག་ཐག་གཅོད་པ་དང་བཅོས་སྐྱོང་ནུས་པ་ཇེ་མཐོར་གཏོང་བ་ཟུང་དུ་སྦྲེལ་ནས།མིག་སྔར་བཅོས་པ་དང་ཡུན་རིང་སྐྱོང་བ་མཐུད་སྦྱོར་བྱས་ཏེ།ཉིན་རེའི་བསྐྱར་ཞིབ་ཕྱོགས་སྡོམ་དང་ཡུལ་དངོས་ཞིབ་བཤེར་སོགས་སྤྱོད་གོ་ལྡན་པའི་བྱེད་ཐབས་ལ་བརྟེན་ནས།ལས་དོན་རེ་རེ་ཕན་འབྲས་མཐོ་བའི་བཅོས་སྐྱོང་དང་ཞིབ་ཚགས་ཆེ་བའི་དོ་དམ་དུ་བསྒྱུར་བར་བསྐུལ་མ་གཏོང་དགོས།རྣམ་གྲངས་ཇུས་འགོད་དང་རྣམ་གྲངས་བརྩོན་ལེན་ནི་འགོ་འཛིན་ས་གཙོ་བོར་འཇོག་པ།མྱུར་བར་ཞིབ་འཇུག་དང་བདེན་དཔང་མང་ལེན།ཚན་རིག་ཇུས་ཆོད།ཞིབ་ཚགས་ཐིམ་རྒྱགརིས་འགེལ་བརྩོན་ལེན།ལས་ཡུན་ལྡོག་རྩིས་བཅས་བྱས་ཏེ།རྣམ་གྲངས་སྔ་སེ་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་མ་གཏོང་དགོས།
ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝེ་ཁྲོན་ཝེ་དང་། ཁུལ་ཨུའི་འབྲེལ་ཡོད་དྲུང་ཆེན་གཞོན་པ།ལིས་རྫོས་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་རྟོག་ཞིབ་ཏུ་ཞུགས།



