数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

མི་།

མི་ནི་འཇིག་ཡེར་བའི་གློག་བརྙན་ནང་གི་བརྗོད་བྱ་ཞིག་རེད་དམ།

མི་ནི་སྐོར་ལམ་ན་ཡ་མ་ཡོ་ཡིས་འགྲེང་པའི་བགྲེས་པོ་མགོ་དཀར་དེར་འབོད་དམ།

མི་ནི་ཕྱིར་དྲན་གྱིས་སྟོང་བའི་སྣང་བ་རང་ཡན་གྱི་བྱིས་པ་དེ་ཡིན་ནམ།

མི་ནི་སྨུག་པས་བཟུང་བའི་ཞོགས་ཀའི་གངས་རི་དང་ཆུ་བོ་ལ་འདྲའམ།

མི་ནི་ས་སྲོད་དུ་མངོན་པའི་མཚམས་སྤྲིན་མག་མོག་དེར་ཟེར་རམ།

མི་ནི་རྟག་བརྟན་མེད་པའི་ཆར་རྗེས་ཀྱི་འཇའ་ཚོན་ལྟར་མྱུར་རམ།

མི་ཡི་གཡུང་དྲུང་གི་རེས་སུ་གྲུབ་པའི་འགྱུར་མེད་ཀྱི་བྲག་རྡོ་བཞིན་སྲའམ།

མི་ནི་མཐར་གཏུགས་ན་སྐྱེ་རྒ་ན་འཆིས་གྲུབ་པའི་སྤྱི་འདུས་ཀྱི་ཕུང་པོ་ཞིག་ཏུ་འགྱུར་རམ།

མི་ནི་ཉོན་མོངས་པས་ཀུན་ནས་གཙེས་པའི་དུག་སྤྲུལ་ཞིག་རེད་ཅེས་སྨྲ་དགོས་སམ།

མི་ནི་ཡང་ན་དགའ་སྐྱོ་ཟུང་གིས་སྨིན་པའི་མཐོ་རིམ་སྲོག་ལྡན་ཞིག་ལ་ཞུ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-08-14 སོན། 4 4 阿坝日报藏文 c63278.html 1 མི་། /enpproperty-->