数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སེམས་པའི་ཕྱི་ནང་།

♦འབྲོང་རིག་བྷོ། 【རྔ་བ་དགེ་ཐོན་སློབ་གླིང་།】

མིག་ལ་ཆུ་འཁོར་ཆུ་ལ་འགྲམ་དར་ཆགས།།

ཆགས་ཀྱང་ལོས་ཆགས་ཡིད་ལ་ཁ་བ་བབས།།

ལོ་ཟླའི་གསེབ་ཏུ་སྐྱོ་བའི་གཞས་ཡང་གཏོང་།།

དེ་ཡང་ལོས་ཡིན་འཚོ་བར་ཁ་མདོག་ཟད།།

ཡིད་ཀྱི་ངོས་ལ་དྭངས་པའི་མཚོ་མོ་འཁྱིལ།།

ཁེར་རྐྱང་མཚོ་ལ་འཐིམ་པའི་མི་ཡང་སླེབས།།

གནམ་གྱི་མཐའ་རུ་དྲན་པའི་མི་ཡང་ཐོན།།

དྲན་པའི་མི་ལ་བཅོས་མའི་འཛུམ་ཀྱང་བསྟན།།

སྔོན་མོ་གནམ་གྱི་རྒྱ་ཁྱོན་གཞལ་དུ་མེད།།

བདེན་ཀྱང་ལོས་བདེན་ནམ་མཁར་མཐའ་ཡང་མེད།།

མི་དང་སེམས་ཀྱི་བར་ཐག་དེ་བས་རིང་།།

རིང་ཡང་ལོས་རིང་གྲང་བའི་རླུང་ཡང་རྒྱུ།།

འདྲེས་པའི་གྲོགས་ལ་དཀར་པོ་བློ་ཡང་གཏད།།

མ་འདྲེས་མི་ལ་བདེ་མོའི་ཚིག་ཡང་ཞུས།།

འཆུག་པ་འདི་དང་དེའོ་ཟེར་མཁས་མོད།།

རང་ཉིད་བཅོས་མཁས་སྲིད་ན་དཀོན་ཚོད་འདུག།

ཁ་བ་ཉིན་ལ་མ་བབས་མཚན་ལ་བབས།།

མཚན་མོའི་མུན་ནག་གསེབ་ཏུ་ག་ལེར་བབས།།

ཁ་བ་མཚན་ལ་མ་ཞུ་ཉིན་ལ་ཞུ།།

ཉིན་མོར་ས་གཞིའི་ཁུད་དུ་མིག་ཆུར་ཞུ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 ♦འབྲོང་རིག་བྷོ། 【རྔ་བ་དགེ་ཐོན་སློབ་གླིང་།】 4 4 阿坝日报藏文 c106725.html 1 སེམས་པའི་ཕྱི་ནང་། /enpproperty-->